ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན།གྲོང་ཁྱེར་ཡོངས་ཀྱི་སྐེ་དར་དམར་པོ་མེས་རྒྱལ་ལ་དགའ་ཞེས་པའི་ལོ་རིམ་དང་པོའི་རུ་མི་གསར་པ་རུ་ཁག་ནང་ཞུགས་པའི་མཛད་སྒོ་དང་སྐེ་དར་དམར་པོའི་གཟེངས་རྟགས་ཀྱི་སྐར་ལྔའི་རྟགས་མ་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང(གྲོང་ཤར་ཡན་ལག་སློབ་གྲྭ)དུ་འཚོགས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་བྱེད་སྒོར་ཞུཊ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲེང་ཝུའེ་གོས་དང་ཐོག་ལྷ་ས་གྲོང་ཁྱེར་གྱི་ཉེ་བའི་ལོ་ཤས་རིང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཁས་ལེན་གནང་བ་དང་འབྲེལ།ལོ་ཆུང་གདོང་ལེན་རུ་ཁག་ཚོར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་ཤིང་།ཁོང་ཚོར་མེས་རྒྱལ་ལ་དགའ་ཞེན་དང་། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་སློབ་སྦྱོང་ལ་འབད་བརྩོན་དང་ཉིན་བཞིན་ཡར་རྒྱས་ཡོང་བར་བྱས་ཏེ་ཀུན་སྤྱོད་དང་།ཤེས་རིག ལུས་རྩལ།མཛེས་དཔྱོད།ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་དཔེ་བཟང་བ་ཆུང་ཆུང་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། གྲོང་ཁྱེར་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པས་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་མ་ལག་གི་ལེགས་ཆ་གང་ལེགས་བཏོན་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་སྤྱི་ཚོགས་སློབ་ཚན་ཟུང་འབྲེལ་བྱས་ཏེ།གཞོན་ནུ་ལོ་ཆུང་གི་སློབ་མས་རྒྱལ་ཁབ་ཀྱི་གནས་ཚུལ་དང་དམངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་དེ་བས་ལེགས་པ་ཡོང་བར་བྱེད་དགོས་པ་དང་།རང་རྟོགས་ངང་རང་ཉིད་ཀྱི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་མཉམ་འདྲེས་བྱས་ནས་ཏང་དང་། མེས་རྒྱལ། མི་དམངས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་མང་ཙམ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社