分享按钮

ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱི་ཚོགས་འཛུགས་དང་ཚོགས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་བཟོ་ཚོགས་འཛུགས་པ་དང་ཚོགས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོཊ་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ཚོཊ་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རིམ་ཁག་བཟོ་ཚོགས་ཀྱིས་གཞི་རིམ་རྩ་འཛུགས་ཀྱི་ཚོགས་འཛུགས་དང་ཚོགས་ཞུགས་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཚོགས་ཞུགས་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་པ་དང་།སྒྲིག་འཛུགས་དང་གསར་འཛུགས་གཉིས་ཀར་དམ་འཛིན་བྱེད་པ་དང་། བཟོ་ཚོགས་ཀྱི་གཞི་རིམ་རྩ་འཛུཊ་འཛུཊ་སྐྱོང་ལ་རྨང་གཞི་དང་། སྔར་བས་དམ་འཛིན་བྱ་གཞི། སྔར་བས་ཕན་འབྲས་ལྡན་པ་བཅས་ཡོང་བར་བྱས་ཏེ་ལས་བཟོ་བ་སྒྲིག་འཛུགས་དང་། ལས་བཟོ་བར་ཁྲིད་སྟོན། ལས་བཟོ་བར་ཞབས་ཞུ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ཐད་ཀྱི་བཟོ་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་ལེགས་པོ་བྱེད་པ་དང་།གཞི་རིམ་རྩ་འཛུགས་ཀྱི་ཚོགས་ཞུགས་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།བཟོ་ཚོགས་དེ་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་དང་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས་དུས་རབས་གསར་པའི་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 སུང་ལིའུ་ཀྲུའུ་ཚོགས་འདུར་ཞུགས་པ། ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱི་ཚོགས་འཛུགས་དང་ཚོགས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ། 6 6 拉萨日报藏文 c181903.html 1 /enpproperty-->