分享按钮

རོལ་དབྱངས་ཀྱིས་བྱིས་པའི་སེམས་ཁམས་གསོ།

ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཐུང་ཀོན་དབྱི་ཚོད་ལྟའི་སློབ་གྲྭ་ནི་ཤང་དང་གྲོང་རྡལ་རིམ་པའི་སློབ་གྲྭ་ཞིག་ཡིན་ཞིང་། དེའི་བུ་བཅོལ་ཁང་དང་། སློབ་ཆུང་པུའུ། དམའ་རིམ་སློབ་འབྲིང་པུའུ་བཅས་སུ་ཁྱོན་སློབ་མ་300ལྷག་ཙམ་ཡོད་པ་དང་། མང་ཆེ་བ་ནི་ཕྱོགས་མིའི་བྱིས་པ་དང་། གཞིས་ལུས་བྱིས་པ་ཡིན་པ་རེད། བྱིས་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་བྱིས་པ་ཚོ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ད་ལོའི་ཟླ་3པར་སློབ་གྲྭ་འདིས“ཁྲུང་ཆིང་ཡག”ཅེས་པའི་གླུ་གཞས་ཚོགས་པ་ཞིག་བཙུགས་ཤིང་། རྒྱུན་གཏན་ཅན་དང་སྣ་མང་ཅན་གྱི་སྒོ་ནས་འཁྲབ་སྟོན་ཉམས་ལེན་གྱི་བྱེད་སྒོ་དང་སྤྱི་ཚོགས་ལག་ལེན་གྱི་བྱེད་སྒོ་སྤེལ་ཏེ་རོལ་དབྱངས་ལ་བརྟེན་ནས་བྱིས་པའི་སེམས་ཁམས་གསོ་སྐྱོང་ཐུབ་པར་བྱེད་བཞིན་ཡོད།

པར་འདི་ནི་ཟླ་5ཚེས་29ཉིན་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཐུང་ཀོན་དབྱི་ཚོད་ལྟའི་སློབ་གྲྭའི་ལུས་རྩལ་ཐང་དུ་སློབ་སྐྱོར་རོལ་དབྱངས་དགེ་རྒན་ལི་ལིང་ལི་ཡིས་གླུ་གཞས་ཚོགས་པའི་སློབ་མ་ཚོར་རོལ་ཆས་ཀྱི་སྒྲའི་ཁྱད་ཆོས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་ཡིན། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 6 6 拉萨日报藏文 c181822.html 1 རོལ་དབྱངས་ཀྱིས་བྱིས་པའི་སེམས་ཁམས་གསོ། /enpproperty-->