(པར་ངོས་དང་པོར་མཐུད)འཁྲབ་སྟོན་དེ་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་ལྷ་ས་གྲོང་ཨུད་དྲིལ་བསྒྲཊ་པུའུ་དང་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་ནས་སྒྲིག་བཟོ་བྱས་པ་ཞིག་རེད། སྐད་གྲཊ་ཆེ་བའི་གཞས་མ་ཡན་ཏང་ཏང་དང་། དྲ་ཐོག་མིང་ཅན་ཅང་ཨར་ཡེ་དང་རྟ་མགྲིན། དེ་བཞིན་ལྗོངས་ཕྱི་ནང་གི་སྐད་ངག་ཡག་པོ་ཡོད་པའི་ཕུལ་བྱུང་གཞས་པ་དང་། འཁྲབ་སྟོན་པ་དང་གཞས་པ་རྣམས་སྤྱི་ཕན་རོཊ་རེས་ཀྱི་དགོང་ཚོཊ་སུ་སླེབས་ཤིང་། འཁྲབ་སྟོན་ནང་ཞུགས་མཁན་གྱི་ཚན་པའི་ཁྲོད།རྫོང(ཆུས)ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ། ཧ་ཧུ་གཞས་གདངས་སྒྱུ་རྩལ་ཚོགས་པ། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་བཅས་ཀྱི་ཆེད་ལས་འཁྲབ་སྟོན་པ་བཅས་ཡོད་པ་རེད། ཟླ་2ཚེས་10ཉིན་གྱི་སྔ་དྲོ། 《ལྷ་ས་གྲོང་ཁྱེར་གྱི་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཤིང་འབྲུག་ལོའི་ལོ་གསར་གྱི་མཉམ་སྤྲོའི་སྤྲོ་ཚོགས》དེ་ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྟེགས་བུ་ཁག་ཏུ་བསྟན་ཚད་དང་བསྔགས་བརྗོད་བྱེད་ཚད་ཁྲི་150ལས་བརྒལ་ཡོད་པ་རེད།
ལེ་ཚན་26གིས་དུས་རབས་གསར་པའི་ལྷ་སའི་རྣམ་པ་གསར་པ་ཁྱོན་ཡོངས་ནས་མངོན་པར་བྱས་པ་དང་ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་པོར་གྲུབ་འབྲས་རགས་ཙམ་ཐོབ་པ་དང་། ལྷོ་བྱང་རི་བོ་སྔོ་ལྗང་ཅན་དུ་བསྒྱུར་བ་ལས་མི་དམངས་མང་ཚོགས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། གཞས་མ་གཏམ་ཐུང་ངུ་སོགས་ཀྱི་ལེ་ཚན་ནི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་འཚམ་ཞིང་། གླུ་གཞས་དང་ཞབས་བྲོ་ཡིས་མི་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པར་བྱས་པ། གར་སྟེགས་ཐོག་ཞབས་བྲོའི་ཉམས་འགྱུར་དང་གློག་འོད་གྱིས་མཛེས་པར་བརྒྱན་ནས་རྣམ་པ་འཁྲུག་ཆ་དོད་ཅིང་སྤྲོ་སྣང་གིས་ཡོངས་སུ་ཁེངས་ཡོད།
ལོ་ངོ་30ལྷག་ཙམ་རིང་། ལྷག་བསམ་རྣམ་དག་དང་བསྔགས་བརྗོད་ཀྱི་ཁྲོད་ནས་ལྷ་སའི་བོད་ཀྱི་ལོ་གསར་གྱི་དགོང་ཚོགས་དང་ལྟད་མོ་བའི་དབར་ཕན་ཚུན་འབྲལ་མི་ཐུབ་པའི་བརྩེ་བ་ཞིག་ཆགས་ཡོད་པས་བོད་ཀྱི་ལོ་གསར་ཚེས་གཅིག་གི་ཞོགས་པར་ནང་མི་ཚང་མ་མཉམ་དུ་འཛོམས་ནས་ལྷ་སའི་བོད་ཀྱི་ལོ་གསར་གྱི་དགོང་ཚོགས་ལ་ལྟ་བ་རེད། པདྨ་དབྱངས་འཛོམས་ཀྱིས་ལོ་མང་པོའི་རིང་། ལྷ་སའི་བོད་ཀྱི་ལོ་གསར་གྱི་དགོང་ཚོགས་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་གཟེངས་སུ་ཐོན་པ་དང་། སླད་ཕྱིན་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ་པ་དང་དགའ་པོ་བྱེད་པའི་ལེ་ཚན་དེ་བས་མང་བ་གཏོད་རྒྱུར་གཞོལ་རྒྱུ་ཡིན་ཞེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社