分享按钮

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་11གིས་མཉམ་དུ་2024ལོའི“དྲུག་གཅིག”གི་བྱེད་སྒོ་བཀོད་སྒྲིག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་11གིས་མཉམ་དུ་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་བརྡ་ཐོ་བཏང་སྟེ། “ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས། ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་ཡོང་བར་བྱེད”ཅེས་པར་དམིགས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བཀོད་སྒྲིག་བྱེད་དགོས་པ་དང་། ལོ་ཆུང་བྱིས་པར་བདེ་ཐང་དང་། སྤྲོ་སྣང་། དོན་སྙིང་བཅས་ལྡན་པའི་དུས་ཆེན་ཞིག་གཏོང་དུ་འཇུག་དགོས་ཞེས་བསྟན་པ་རེད།

བརྡ་ཐོའི་ནང་། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་ཡིན་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་གོ་སྐབས་ལ་དམ་འཛིན་གང་ལེགས་བྱེད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བརྟེན་པ། གསར་བརྗེའི་ཐོན་ཁུངས་དང་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་ལེགས་པར་སྤྱོད་པ། ཚན་རྩལ་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། དཔེ་མཛོད་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་དེ་བཞིན་བྱིས་པའི་སློབ་ཕྱིའི་སློབ་གསོའི་སྒར་ས་སོགས་ཀྱི་ལེགས་ཆ་ཧུར་ཐག་འདོན་པ་བཅས་བྱས་ཏེ་རུ་ཁག་གི་གཙོ་དོན་ཉིན་མོ་དང་། འགྲེམས་སྟོན་འཁྲབ་སྟོན། གསར་བརྗེའི་གསུང་རབ་ཀློག་པ་སོགས་ལག་ལེན་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་དགོས་ཞེས་བསྟན་ཡོད།

བརྡ་ཐོའི་ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱིས་པ་དང་འགྲོགས་པ་དང་། འཁྲུག་ཆ་དོད་པ། སྤྲོ་སྣང་ལྡན་པ་སོགས་ཀྱི་རྟེན་འབྲེལ་བྱེད་སྒོ་ཅི་རིགས་སྤེལ་ནས་བྱིས་པའི་བསམ་པ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་པ་དང་། སེམས་ཁམས་བདེ་ཐང་དང་། དྲ་རྒྱར་དབྱིངས་ཚུད་པའི་སྣང་ཚུལ་འགོག་པ། བདེ་འཇགས་སློབ་གསོ་བཅས་ལ་དམིགས་ཏེ། དྲ་ཐོག་དང་དྲ་ཕྱིར་ཁྱིམ་ཚང་སློབ་གསོ་དང་། ཁྱིམ་བདག་གི་སློབ་ཚན། བློ་འདྲི་བྱེད་སྒོ་སོགས་གཉེར་ནས་ཁྱིམ་ཚང་སློབ་གསོའི་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་དགོས་པ། ལད་ཟློས་ཁྲིམས་ར་དང་ལད་ཟློས་ཁྲིམས་ཁང་། ལད་ཟློས་ཞིབ་དཔྱོད་ཁང་བཅས་ཀྱི་སྒོ་དབྱེའི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་རང་ཉིད་རང་གིས་སྲུང་བའི་བྱིས་པའི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་མིའི་བྱིས་པ་དང་། གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་བྱིས་པ་བཅས་ལ་ཕྱོགས་ནས་འཚམས་འདྲི་དང་རོགས་སྐྱོར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་དགོས་པ་དང་། རིགས་ཁག་གི་དང་བླངས་པར་སྐུལ་སློང་བྱས་ནས་གཅེས་སྐྱོང་གི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་བྱིས་པར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་འཇུག་དགོས་ཞེས་ནན་གྱིས་བསྟན་ཡོད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 6 6 拉萨日报藏文 c181823.html 1 རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་11གིས་མཉམ་དུ་2024ལོའི“དྲུག་གཅིག”གི་བྱེད་སྒོ་བཀོད་སྒྲིག་བྱས་པ། /enpproperty-->