ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།རྗེ་འབུམ་སྒང་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི“ང་ཡི་དྲ་མིག་ང་ཡིས་གླེང”ཞེས་པའི་གཏམ་བཤད་ཀྱི་བྱེད་སྒོ་སྤེལ་བ་རེད།
ཉིན་དེར་གཏམ་བཤད་ཀྱི་འགྲན་བསྡུར་ནང་ཞུགས་མཁན་སྤྱི་ཚོགས་ལས་དོན་པས་རྒྱན་བསྒྲུགས་ནས་འགྲན་བསྡུར་ནང་ཞུགས་པའི་གོ་རིམ་གཏན་འཁེལ་བྱས་ཤིང་། ཁོང་ཚོས་རང་ཉིད་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་དང་གསོན་ཉམས་ལྡན་པའི་སྐད་ཆའི་ཐོག་ནས་དྲ་མིག་ལས་དོན་ཁྲོད་ཀྱི་བྱ་བ་ཙག་ཙིག་དང་དེ་བཞིན་དྲ་མིག་ལས་དོན་པའི་འགན་འཁྲི་རེ་རེ་བཞིན་བརྗོད་པར་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་གྱིས་བདམས་ཐོན་པ་ཚོར་རང་ཉིད་ཀྱི་འཇོན་ཐང་ངོམས་པའི་གོ་སྐབས་ཤིག་སྤྲད་པར་མ་ཟད། ཚང་མས་དྲ་མིག་ལས་དོན་ལ་ངོས་འཛིན་དང་བསམ་ཤེས་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད།སྡེ་ཁུལ་གྱི་དྲ་མིག་ལས་དོན་པའི་ལས་ཀའི་སྤྲོ་སེམས་འཕེལ་བ་དང་ཧུར་བརྩོན་ཡར་ཐོན་གྱི་ལས་ཀའི་རྣམ་པ་ཞིག་གཏོད་ནས་དྲ་མིག་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社