分享按钮

ཁྲེང་ཀོན་ཆུས་ཀྱི“ཧྲུའུ་ཅིའི་གླེང་སྟེགས”ཐེངས་དང་པོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཆེ་རུ་གཏོང་ཆེད་དང་། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཟླ་5ཚེས་29ཉིན་གྱི་ཕྱི་དྲོ། ཁྲེང་ཀོན་ཆུས་ཀྱིས་2024ལོའི“ཧྲུའུ་ཅིའི་གླེང་སྟེགས”ཐེངས་དང་པོ་སྒྲིག་འཛུགས་བྱས་ནས་གཉེར་བ་རེད།

ཐེངས་འདིའི“ཧྲུའུ་ཅིའི་གླེང་སྟེགས”ཀྱིས“《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ཁག་དྲུག་ནན་པོར་བསྲུངས་ནས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་བགྲོ་གླེང་བྱས་པ་རེད།“ཧྲུའུ་ཅིའི་གླེང་སྟེགས”གཉེར་བའི་དམིགས་ཡུལ་ནི་ལས་སྟེགས་བཏོད་ནས་ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཕན་ཚུན་སློབ་སྦྱོང་དང་།ཕན་ཚུན་སྤེལ་རེས། ཐུན་མོང་ཡར་རྒྱས་བཅས་ཀྱི་གོ་སྐབས་སྤྲོད་རྒྱུ་དེ་ཡིན་པ་རེད།

བྱེད་སྒོའི་ཁྲོད།སྡེ་ཁུལ་13གྱི་ཧྲུའུ་ཅིའམ་ཀྲི་པུའུ་ཧྲུའུ་ཅི་13གྱིས་བརྗོད་དོན་གཙོ་བོར་དམིགས་ནས་མི་སྒེར་གྱི་བསམ་བློ་དང་ལས་ཀའི་དོན་དངོས་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་བསམ་ཕྱོགས་གླེང་བ་དང་།ཉམས་མྱོང་གླེང་བ།མྱོང་ཚོར་གླེང་བ་བཅས་བྱས་ཏེ།ཉམས་མྱོང་མཉམ་སྤྱོད་ཀྱིས་ཡར་ཐོན་ལ་སྐུལ་འདེད་བཏང་བ་དང་།འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཧྲུའུ་ཅི་དང་ཀྲི་པུའུ་ཧྲུའུ་ཅིའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལག་ལེན་གྱི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།དར་དམར་ཁྲོམ་གཞུང་གི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞི་མཐུན་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡོན་ཆིང་གིས་ཕྱིས་འབྱུང་གི་ལས་དོན་དང་འཚོ་བའི་ཁྲོད། ངས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་།རྩ་འཛུགས་ཀྱི་སྒྲིག་ཁྲིམས།སྤྱོད་གཙང་གི་སྒྲིག་ཁྲིམས།མང་ཚོགས་ཀྱི་སྒྲིག་ཁྲིམས།ལས་ཀའི་སྒྲིག་ཁྲིམས།འཚོ་བའི་སྒྲིག་ཁྲིམས་བཅས་ནན་པོར་བསྲུངས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་ངང་སྤེལ་རྒྱུ་དང་། ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་ཁག་གི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་། ཁྲེང་ཀོན་ཆུས་ཐད་གཏོགས་ཚན་པ་ཁག་གི་ཏང་ཙུའི་ཧྲུའུ་ཅི། གྲོང་ཚོ(གྲོང་ལྷན)ཁག་གི་ཧྲུའུ་ཅི་དང་པོ། ཏང་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་ལས་ཚན་པའི་ལས་བྱེད་པ་ཡོངས་བཅས་ཁྱོན་མི་110ལྷག་ཙམ་བྱེད་སྒོར་ཞུགས་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 6 6 拉萨日报藏文 c181816.html 1 ཁྲེང་ཀོན་ཆུས་ཀྱི“ཧྲུའུ་ཅིའི་གླེང་སྟེགས”ཐེངས་དང་པོ་གཉེར་བ། /enpproperty-->