ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ཅང་སུའུ་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་དང་གྲོང་ཨུད་རྩ་འཛུགས་པུས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་སློབ་མཇུག་འགྲིལ་ཞིང་། གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག་གི་མི་རིགས་ལས་དོན་གྱི་ལས་བྱེད་པ་དང་དེ་བཞིན་མི་རིགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཚན་པའི་འབྲེལ་གཏུག་པ་30ལྷག་ཙམ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་ནང་ཞུགས་པ་རེད།
གསོ་སྦྱོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་དམིགས་ནས་མི་རིགས་མཐུན་སྒྲིལ་སོགས་ཐད་ཀྱི་ཉམས་མྱོང་དང་བྱ་ཐབས་བཟང་པོར་སློབ་སྦྱོང་བྱས་པ་དང་། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཁྲིམས་སྲོལ་སོགས་ཀྱི་ཤེས་བྱ་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱས་པས་རང་གྲོང་གི་མི་རིགས་ལས་དོན་སྒྲུབ་མཁན་གྱི་ཏང་ཡོན་ལས་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་རེད།
སློབ་མ་ཚོས་གསོ་སྦྱོང་གི་དུས་ཚོད་ཐུང་ཡང་དོན་སྙིང་གལ་ཆེན་ལྡན་པ་དང་། མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྔར་བས་མང་བ་ཤེས་ཤིང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྒྲུབ་སྟངས་དང་བྱ་ཐབས་ཤེས་བྱུང་། སླད་ཕྱིན།ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社