分享按钮

ཞི་ཅིན་ཕིང་གིས་རྒྱུན་མཐུད་ཤུགས་སྣོན་དང་སྙིང་རུས་གཏན་འཁྱོངས་ཀྱིས“གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)རེས་སྐོར་གསར་པའི་གྲོང་གསེབ་གཞུང་ལམ་རིམ་སྤོར་བྱ་སྤྱོད་ཡག་པོ་ལག་བསྟར་བཅས་བྱེད་པ། “གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ། གནས་སྡོད་དང་ལས་ཀ་བྱ་རྒྱུར་འཚམ་པ་དང་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རོགས་རམ་བཅས་བྱས་ཏེ། ཞིང་པ་དང་གྲོང་གསེབ་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོཊ་སུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཞབས་ཞུའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

2024ལོར“གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཚེས་29ཉིན་ཀྲེ་ཅང་ཧྲའོ་ཤིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཧོ་ལི་ཧྥེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི“གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཤུགས་ཆེ་རུ་བཏང་སྟེ། དུས་ཡུན་ཉེ་འབྲིང་གི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ། ལམ་དྲའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། དོ་དམ་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། འགྲོ་ལམ་བདེ་འཇགས་འགན་ལེན་བཅས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། བསྒྱུར་བཅོས་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་ཇུས་འགོད། རྒྱུན་མཐུད་ངང་ནུས་ཤུགས་འདོན་སྤེལ་བྱེད་པ། ཡུན་རིང་བྱས་རྗེས་འཇོག་པ། “གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་ལས་དོན་ལེགས་པར་བསྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། ཞིང་ལས་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། ཀྲེ་ཅང་ཞིང་ཆེན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཧྥུའུ་ཅན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་སྤེལ་ཡོད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 6 6 拉萨日报藏文 c181814.html 1 ཞི་ཅིན་ཕིང་གིས་རྒྱུན་མཐུད་ཤུགས་སྣོན་དང་སྙིང་རུས་གཏན་འཁྱོངས་ཀྱིས“གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་ཞེས་ནན་གསུངས་གནང་བ། /enpproperty-->