(པར་ངོས་དང་པོར་མཐུད)གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་རྒྱལ་སྐུ་མགྲོན་གྱི་གཏོང་སྤྲོད་ཞབས་ཞུའི་ལྟེ་གནས་གཉེར་འགོ་ཚུཊ་པ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི《བོད་རང་སྐྱོང་ལྗོངས་དངུལ་རྩའི་མ་ལག་གི་གཏོང་སྤྲོད་ཞབས་ཞུ་ལེགས་སུ་གཏོང་བ་དང་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་རྒྱུའི་ལས་དོན་ལག་བསྟར་ཇུས་གཞི》དང་འབྲེལ་བ་ཡོད་པའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།ལྟེ་གནས་དེས“གྲངས་འབོར་མང་བའི་ཐད་གཱ་སྤྱོད་པ་དང་། གྲངས་འབོར་ཉུང་བའི་ཐད་ཨང་རྟགས་བཤེར་བ་བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། རིམ་པ་མང་བ་དང་། ལངས་གཟུགས་ཅན། བསྟུན་མཁས་རང་བཞིན་ཆེ་བ་བཅས་ཀྱི་གཏོང་སྤྲོད་མ་ལག་བཙུགས་ཡོད། T3མཁའ་འགྲུལ་འབབ་ཚུགས་སུ་ATMཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱས་ནས་ཕྱི་ཕྱོགས་གཱ་ནས་དངུལ་སྨར་ལེན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལོ་འདིའི་ནང་T2མཁའ་འགྲུལ་འབབ་ཚུགས་སུ་ཕྱི་དངུལ་བརྗེ་རེས་འཕྲུལ་འཁོར་སྒྲིག་པ། གནམ་ཐང་གི་ཚོང་དུད་ཀྱིས་ཕྱི་ཕྱོགས་གཱ་ནས་འཛད་སྤྱོད་དང་དངུལ་སྨར་གཏོང་སྤྲོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱ་རྒྱུ་དང་། T2དང་T3མཁའ་འགྲུལ་འབབ་ཚུགས་སུ་ཕྱི་རྒྱལ་གྱི་སྐུ་མགྲོན་ཞབས་ཞུའི་ལྟེ་གནས་བཙུགས་ནས་མཁོ་མཁན་ལ་ཆེད་ལས་ཀྱི་དངུལ་རྩའི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་།《ཕྱི་མི་བོད་ལྗོངས་སུ་ཡོང་བའི་མི་སྣའི་གཏོང་སྤྲོད་ཞབས་ཞུའི་ཕྱོགས་སྟོན》སོགས་དྲིལ་བསྒྲགས་ཞབས་ཞུའི་ལག་དེབ་བཀོད་སྒྲིག་བྱས་ཡོད། གཞན་ཡང་། ཕྱི་རྒྱལ་སྐུ་མགྲོན་གྱི་གཏོང་སྤྲོད་ཞབས་ཞུ་ལྟེ་གནས་ཀྱིས་བརྒྱུད་སྤྲོད་ལྟེ་གནས་ཀྱི་ནུས་པ་བཏོན་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་དངུལ་ཁང་གི་དྲ་ཚིགས་སུ་སླེབས་རྒྱུར་ཁྲིད་སྟོན་བྱས་ཏེ། དེ་བས་ཁྱོན་ཡོངས་ཀྱི་དངུལ་རྩའི་ཞབས་ཞུ་ཉམས་ལེན་བྱས་ཡོད།
གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་རྒྱལ་གྱི་སྐུ་མགྲོན་གཏོང་སྤྲོད་ཞབས་ཞུའི་ལྟེ་གནས་དངོས་སུ་གཉེར་འགོ་ཚུགས་པ་དེ་ནི་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གཏོང་སྤྲོད་ཞབས་ཞུའི་མཐུད་སྣེ་མདུན་ཕྱོགས་སུ་སྤོ་རྒྱུར་སྐུལ་འདེད་བཏང་ནས་གཏོང་སྤྲོད་ཞབས་ཞུའི་མ་དཔེ་ལེགས་སུ་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་རེད། ཕྱིས་འབྱུང་། དངུལ་ཁང་དེས་རང་སྐྱོང་ལྗོངས་དངུལ་རྩ་ཨུ་ལྷན་དང་མི་དམངས་དངུལ་ཁང་གི་མཛུབ་ཁྲིད་འོག ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་བྱེད་སྟངས་དེ་བས་མང་བ་འཚོལ་ཞིབ་བྱས་ནས་བོད་ལྗོངས་སུ་གཏོང་སྤྲོད་ཞབས་ཞུའི་ཉམས་ལེན་ཏན་ཏིག་བྱས་ཏེ། གཏོང་སྤྲོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ་རེད།
གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་རྒྱལ་སྐུ་མགྲོན་གྱི་གཏོང་སྤྲོད་ཞབས་ཞུའི་ལྟེ་གནས་ཀྱིས་བདེ་འཇགས་དང་། སྟབས་བདེ། ནུས་ཆེ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་གཏོང་སྤྲོད་ཁོར་ཡུག་བསྐྲུན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社