(པར་ངོས་གཉིས་པར་མཐུད)རྒྱ་ཆེའི་ཡུལ་སྐོར་བར་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཡག་པོ་བྱས་ནས་མགོ་སྐོར་འོག་མི་ཚུད་པར་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད། ཡུལ་སྐོར་བ་ཀྲང་ཡན་གྱིས་ངས་བལྟས་ན་བྱེད་སྒོ་དེ་ཧ་ཅང་ཡག་པོ་འདུག དེ་རིང་མ་གཞི་ནང་མི་ཁྲིད་དེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡུལ་ལྗོངས་ལ་ལྟ་བ་དང་སྦྲགས་པར་ལེན་པར་ཡོང་བ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་འདུག་ལ་ངས་ཐེངས་གཅིག་ཉན་པས་ཤེས་བྱ་མང་པོ་ཤེས་བྱུང་ཞེས་བཤད།
རང་གྲོང་གི་ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་ཡག་ཏུ་འགྲོ་བ་དང་ཆབས་ཅིག་ཐང་ཆེན་དུ་སྐྱོད་མཁན་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད། ད་ལོའི་ཟླ་5པའི་ཟླ་དཀྱིལ་དུ་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་།ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཐང་ཆེན་མངགས་གཏོང་ཁང་།ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་བཅས་ཀྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་སྒོའི་བདེ་འཇགས་ཞིབ་བཤེར་ས་ཚིགས་སོགས་ཐང་ཆེན་མངགས་གཏོང་ཁང་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་6ཏུ“གློག་འཕྲིན་དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་བཏང་ནས་བདེ་འཇགས་དང་ཞི་མཐུན་ལྡན་པའི་སྤྱི་ཚོགས་གཏོད་པ”ཞེས་པའི་དྲིལ་བསྒྲཊ་གྱང་བཙུཊ་པ་དང་། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བརྙན་ཤེལ་བསྒར་བས་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མི་དང་ཡུལ་སྐོར་བར་ཕན་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་གི་ཧང་ཀྲང་གི་ལས་རོགས་པ་ཝུའུ་ཀྲེང་གིས་ང་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་མི་ཚོགས་ཀྱི་ལེཊ་ཆར་བརྟེན་ནས་གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་བར་ཁ་བསླུས་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲཊ་བྱས་པ་ཡིན། ང་ཚོས་དངུལ་རྩའི་ཤེས་བྱ་ཁྱབ་གདལ་གཏོང་བའི་སློབ་གསོར་ཤུཊ་སྣོན་བརྒྱབ་ནས་དངུལ་རྩ་སྦྱོང་བ་དང་། དངུལ་རྩ་ཤེས་པ། དངུལ་རྩར་ཡིད་ཆེས་བྱེད་པ། དངུལ་རྩ་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།
བྱེད་སྒོའི་ཁྲོད་ད་དུང་ཐང་ཆེན་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་གྱི་ཨར་ཁང་19རུ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་འགྲེམས་པང་བཞག་ནས་འགྲུལ་པར་ཁ་བསླུས་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག ཨར་ཁང་ནང་སྡོད་མཁན་འགྲུལ་པར《གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་དྲིལ་བསྒྲཊ་གསལ་བརྡའི་ཡི་གེར》མིང་རྟགས་བཀོད་དེ་འགྲུལ་པའི་རང་ངོས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁ་བསླུས་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆེ་རུ་ནུས་ལྡན་བཏང་བ་དང་། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བར་མ་ཟད། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་འགོག་སྲུང་དྲ་བ་ཚགས་དམ་དུ་བཏང་བ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྦྱངས་ཟིན་པའི་ཁ་བསླུས་ངོ་རྒོལ་གྱི་ཤེས་བྱ་ཉེ་འགྲམ་གྱི་མི་རྣམས་ལ་དྲིལ་བསྒྲགས་བྱས་ཏེ་མཉམ་དུ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཀྲུའུ་རེན་པ་སངས་ཀྱིས་ཕྱིས་འབྱུང་རང་གྲོང་གིས་རྒྱུན་རྣམ་ཅན་དང་སྣ་མང་ཅན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་དོགས་ཟོན་བྱེད་པའི་སྲུང་ཡོལ་བརྟན་པོ་མཐའ་གཅིག་ཏུ་བརྟན་དུ་གཏོང་རྒྱུ་དང་། འབྱུང་རྩ་ནས་དོགས་ཟོན་དང་དམ་འཛིན་བྱས་ཏེ། གློག་འཕྲིན་ཁ་བསླུས་རྒྱག་སྟངས་གསར་པ་ངོས་འཛིན་ཐུབ་པའི་གྲོང་མི་དང་ཡུལ་སྐོར་བའི་ནུས་པ་དང་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社