ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་29ཉིན།གུང་གཞོན་སྡེ་ཚོཊ་ཀྲུང་དབྱང་ཁེ་དབང་པུའུ་དང་གུང་གཞོན་སྡེ་ཚོཊ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་།གུང་གཞོན་སྡེ་ཚོཊ་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཉེར་འགན་ཁུར་བའི་རྒྱལ་ཡོངས་ཀྱི“གཞོན་ནུ་འཕེལ་རྒྱས་ཅན་གྱི་གྲོང་ཁྱེར་གྱི་གཏམ་རྒྱུད”ཅེས་པའི་ལྷ་སའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།
གྲོང་སྤྱི་གཞོན་པ་པད་མ་གཡུ་སྒྲོན་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
པད་མ་གཡུ་སྒྲོན་གྱིས་2022ལོར་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་གཞོན་ནུ་འཕེལ་རྒྱས་ཅན་གྱི་གྲོང་ཁྱེར་འཛུཊ་སྐྲུན་གྱི་ཚོད་ལྟའི་ནང་བདམས་ཐོན་བྱུང་བ་ནས་བཟུང་གཞོན་ནུའི་བྱ་གཞག་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། ཕྱིས་འབྱུང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞོན་ནུའི་འཕེལ་རྒྱས་རྣམ་པའི་ཚོད་ལྟའི་གྲོང་ཁྱེར་འཛུཊ་སྐྲུན་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་དོན་ཁག་ལེཊ་སྒྲུབ་བྱེད་པ་དང་། གཞོན་ནུའི་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེཊ་སུ་བཏང་ནས་གཞོན་ནུ་ཚོར་སྣ་མང་ཅན་དང་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱེད་དགོས་པ་དང་། གཞོན་ནུ་ཚང་མས་ལྷ་སར་རང་ཉིད་ཀྱི་འཇོན་ཐང་དང་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་པར་བྱེད་དགོས་པ། རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱས་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་དགོས་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལང་ཚོའི་མཛེས་སྡུག་ལྡན་པའི་མེ་ཏོག་བཞད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社