分享按钮

གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོཊ་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་གཞུང་ལམ་སྐྱེལ་འདྲེན་ཁྲོམ་རའི་ཟང་ཟིང་ལ་རྡུང་རྡེག་བཏང་ནས་གྲོང་ཁྱེར་གྱི་ཁུལ་ཁོངས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་རོགས་རམ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་། རྒྱ་ཆེའི་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བཅས་བྱ་ཆེད། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ནས་དྲིལ་བསྒྲགས་སློབ་གསོ་དང་རྡུང་རྡེག་གཏོང་བ་གཉིས་ཟུང་འབྲེལ་གྱིས་རྒྱུན་གཏན་ཞིབ་བཤེར་དང་འཕྲལ་རྒོལ་ཁྲིམས་འཛིན་མཉམ་དུ་སྤེལ་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྲིམས་འགལ་གཉེར་སྐྱོང་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་། ལས་རིགས་ཀྱི་ཟང་ཟིང་ཐོན་མང་བའི་གནས་ཚུལ་ཐད་བཀག་འགོག་ཤུགས་ཆེན་བྱས་ཡོད།

“ངེས་པར་དུ་མངགས་ཐོ་ལྟར་འགྲུལ་པ་སྐྱེལ་བསུ་བྱེད་པ་དང་། ཞབས་ཞུའི་རྣམ་འགྱུར་ཡག་པོ་ཡོད་པ། རླངས་འཁོར་གྱི་རྣམ་པ་ཡང་གཙང་མ་ཡོད་པ་བཅས་བྱེད་དགོས། ”ཅང་སུའུ་ལམ་དུ་གསར་འགོད་པས་ཁྲིམས་འཛིན་མི་སྣས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ལག་ཁྱེར་དང་གཉེར་སྐྱོང་ཐོབ་ཐང་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་པ་དང་། དེ་དང་ཆབས་ཅིག་ཁ་ལོ་བར་སྐྱོད་པའི་བརྒྱུད་རིམ་ནང་ཞབས་ཞུའི་ཆུ་ཚད་དང་བདེ་འཇགས་ཀྱི་འདུ་ཤེས་མཐོ་རུ་གཏོང་དགོས་པའི་བླང་བྱ་འདོན་བཞིན་པ་མཐོང་ཡོད།

ཤེས་རྟོཊ་བྱུང་བར་གཞིཊ་ན། ལྷ་ས་གྲོང་ཁྱེར་གྱི་ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་ནས་བཟུང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་དང་ལེན་ཧུར་ཐག་བྱས་པ་དང་འབྲེལ་ཡོད་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ཏེ། ལམ་ངོས་དང་མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་ཁྲིམས་འགལ་གཉེར་སྐྱོང་རླངས་འཁོར་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་མྱུར་ཚད་ལས་བརྒལ་བ་དང་། ལྗིད་ཐེག་ལས་བརྒལ་བ། ཁྲིམས་འགལ་ངང་འཁོར་སྐྱོད་བྱེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཐུན་མོང་ཐོག་རྡུང་རྡེག་བཏང་སྟེ། གྲོང་ཁྱེར་གྱི་ཁུལ་ཁོངས་ཡུལ་སྐོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་ཁྲིམས་འཛིན་མི་སྣ་བསྟན་འཛིན་ནོར་བུས་ཟླ་3ཚེས་25ཉིན་ནས་བཟུང་། ང་ཚོའི་རུ་ཁག་གིས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་མཉམ་འབྲེལ་བྱས་ཏེ། གྲོང་ཁུལ་ཁྲིམས་འཛིན་ཚོགས་ཆུང་བཙུགས་པ་དང་། འདམ་གཞུང་རྫོང་དང་མཉམ་འབྲེལ་བྱས་ཏེ་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཁྲིམས་འཛིན་ཚོཊ་ཆུང་བཙུཊ་ནས་ཞིབ་བཤེར་བྱེད་ཐེངས་མང་དུ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་ཁྱོན་རླངས་འཁོར་13000ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། རླངས་འཁོར་139བཀག་ཉར་བྱས་པ། རླངས་འཁོར་གཉེར་སྐྱོང་གི་སྒྲིག་འགལ་གྱི་བྱ་སྤྱོད་333རྩད་ཆོད་པ། མི་380ལ་སྐྱོན་བརྗོད་དང་སློབ་གསོ་བཏང་བ་བཅས་བྱས་ཡོད་ཅེས་བཤད།

དེ་དང་ཆབས་ཅིག“96123”ཐེར་འདོན་ཞུ་གཏུག་ཐད་སྦྲེལ་ཁ་པར་གྱིས་ཆུ་ཚོད་24ཡི་འཕྲལ་སྡོམ་ཉེན་རྟོག་དང་ལེན་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཚད་དང་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུཊ་ཆེ་རུ་ཏན་ཏིག་བཏང་ནས་ཁྲིམས་འགལ་གཉེར་སྐྱོང་གི་བྱ་སྤྱོད་ལེགས་སུ་བཏང་ཡོད།

བསྟན་འཛིན་ནོར་བུས་ཕྱིས་འབྱུང་། ང་ཚོའི་རུ་ཁག་གིས་མུ་མཐུད་ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ཁྲིམས་འགལ་གཉེར་སྐྱོང་སོགས་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་ཟང་ཟིང་ལ་མུ་མཐུད་གནད་ལ་འཁེལ་བའི་སྒོ་ནས་རྡུང་རྡེག་གཏོང་རྒྱུ་དང་། གྲོང་མི་དང་ལས་ཞུགས་མི་སྣའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་པ། ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛིན་ས་ཁོངས་ལེགས་སྒྲིག་བཅས་བྱས་ཏེ། ལས་དོན་ལ་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱ་རྒྱུ་རེད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 6 6 拉萨日报藏文 c181809.html 1 གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོཊ་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་གཞུང་ལམ་སྐྱེལ་འདྲེན་ཁྲོམ་རའི་ཟང་ཟིང་ལ་རྡུང་རྡེག་བཏང་ནས་གྲོང་ཁྱེར་གྱི་ཁུལ་ཁོངས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་རོགས་རམ་བྱས་པ། /enpproperty-->