ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་ཡུལ་སྐོར་བས་ཁ་བསླུས་ཀྱི་ངོས་འཛིན་དང་ངོ་རྒོལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཡུལ་སྐོར་བའི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཐང་ཆེན་མངགས་གཏོང་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྣམ་པ་འདྲ་མིན་གྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་སྒོའི་དྲིལ་བསྒྲགས་ས་ཚིགས་སུ་གསར་འགོད་པས་མཐོང་བར་གཞིགས་ན་མི་དམངས་ཉེན་རྟོག་པ་ཚོས་དྲིལ་བསྒྲགས་སྟེགས་བུ་འཛུགས་པ་དང་།དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ།ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པའི་ཐོག་ནས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་རྒྱུན་མཐོང་ཐབས་ལམ་དང་། དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱ་ཐབས་འགྲེལ་བཤད་ཧུར་ཐག་བརྒྱབ་སྟེ་ཡུལ་སྐོར་བར་མགོ་སྐོར་མི་ཐེབས་པའི་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་རོགས་བྱས་ཏེ། ཡུལ་སྐོར་བར“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཕབ་འཇུག་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་སྦྲགས། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社