分享按钮

འཚོ་བའི་གད་སྙིགས་རིགས་དབྱེ“སྡེ་ཁུལ་དུ་སྤེལ་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ།

པར་འདི་ནི་ལས་དོན་མི་སྣས་གྲོང་མི་ལ་གད་སྙིགས་རིགས་དབྱེའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མང་ཚོགས་གད་སྙིགས་རིགས་དབྱེའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་སྐུལ་སློང་བྱ་ཆེད། ཉིན་ཤས་གོང་གྲོང་ཁྱེར་གད་སྙིགས་རིགས་དབྱེ་གཞུང་དོན་ཁང་གིས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཏང་ཀྲི་པུའུ་དང་པོ་དང་། ཁྲེང་ཀོན་ཆུས་གད་སྙིགས་རིགས་དབྱེ་གཞུང་དོན་ཁང་། གཅིག་འཛུགས་སྡེ་ཁུལ་གྱི་ལས་དོན་མི་སྣ་15 དང་བླངས་པ་བཅས་དང་མཉམ་འབྲེལ་བྱས་ཏེ་གཅིག་འཛུགས་སྡེ་ཁུལ་གྱི་གད་སྙིགས་རིགས་དབྱེའི་སྐར་གསོག་བརྗེ་སྒྱུར་གྱི་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་འཚོ་བའི་གད་སྙིགས་རིགས་དབྱེ“སྡེ་ཁུལ་དུ་སྤེལ་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་འགོ་ཚུགས་སྐབས་གྲོང་མི་ཚོས་དང་ལེན་ཧུར་ཐག་བྱས་ནས་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་པ་བརྒྱུད་སློབ་སྦྱོང་བྱས་ཏེ་གད་སྙིགས་རིགས་དབྱེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད། དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། ལས་དོན་མི་སྣས་དྲིལ་བསྒྲགས་ལག་དེབ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟོ་ཕད། གད་སྙིགས་བླུགས་སྣོད་སོགས་དངོས་པོ་སྤྲད་པར་མ་ཟད། བྱེད་སྒོའི་རིང་ད་དུང་གད་སྙིགས་རིགས་དབྱེའི་ཤེས་བྱའི་ཚད་ལེན་ཚོད་ལྟ་ཆུང་ཆུང་བཀོད་སྒྲིག་བྱས་པ་དང་འབྲེལ་ལག་རྟགས་ཆུང་ཆུང་ཡང་སྤྲད་ནས་སྐུལ་ལྕག་བྱས་ཡོད། གཅིག་འཛུགས་སྡེ་ཁུལ་གྱི་གྲོང་མི་པདྨ་སྒྲོལ་མས་དེ་རིང་གི་དྲིལ་བསྒྲགས་བྱེད་སྒོ་ཧ་ཅང་ཡག་པོ་སྤེལ་སོང་། གད་སྙིགས་རིགས་དབྱེ་བྱ་རྒྱུ་དེ་ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། སླད་ཕྱིན་ང་ཚོས་གད་སྙིགས་རིགས་དབྱེའི་ཤེས་བྱར་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་འབྲེལ་གད་སྙིགས་རིགས་དབྱེ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

དེ་རྗེས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཏང་ཀྲི་པུའུ་དང་པོ་དང་སྡེ་ཁུལ་དང་བླངས་པས་སྡེ་ཁུལ་གྱི་ཚོང་ཁང་དང་ཇ་ཁང་སོགས་སྤྱི་པའི་ས་ཆ་མང་པོར་དྲིལ་བསྒྲགས་བྱས་ཏེ་གད་སྙིགས་རིགས་དབྱེའི“རིགས་བཞིའི་གད་སྙིགས”གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་འབྲེལ་གྲོང་མིར་རིགས་དབྱེ་ཡང་དག་བྱ་རྒྱུའི་ཁྲིད་སྟོན་བྱས་པས་མང་ཚོགས་གད་སྙིགས་རིགས་དབྱེའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

གྲོང་ཁྱེར་དོ་དམ་ཅུས་ཏང་ཀྲི་པུའུ་དང་པོའི་ཏང་ཡོན་བསོད་ནམས་རྡོ་རྗེས་ང་ཚོས་གྲོང་ཁྱེར་དོ་དམ་གྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་ཅིང་གད་སྙིགས་རིགས་དབྱེ་ནི་མིག་སྔའི་གྲོང་ཁྱེར་ཁོར་ཡུག་བཅོས་སྐྱོང་གི་འགག་རྩའི་ལྷུ་ཚིགས་ཤིག་རེད། ང་ཚོའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་བྱ་སྤྱོད་སྤེལ་ནས་ཏང་ཡོན་གྱིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་ངོས་འཛིན་དང་མཐོང་ཆེན་བྱེད་ཤུགས་ཆེ་རུ་བཏང་ཐོག་གྲོང་ཁྱེར་ཧྲིལ་པོའི་གད་སྙིགས་རིགས་དབྱེའི་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 6 6 拉萨日报藏文 c181807.html 1 འཚོ་བའི་གད་སྙིགས་རིགས་དབྱེ“སྡེ་ཁུལ་དུ་སྤེལ་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->