分享按钮

(པར་ངོས་དང་པོར་མཐུད)སྐོང་འཚོཊ་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྲོས་ཚོཊ་ཐོག་གསུང་བཤད་གནང་ཡོད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇཊ་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། རྒྱང་སྐྱོད་གསར་པའི་སྤྱི་བདེའི་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོཊ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཏང་གི་ཆབ་སྲིད་འཛུཊ་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ལྷག་བསམ་དག་པ་དང་ཀུན་སྤྱོད་གཙང་བ་འགན་སེམས་ལྡན་པའི་སྤྱི་བདེའི་ལྕཊ་ལྟར་མཁྲེགས་པའི་དཔུང་ཁག་འཛུཊ་སྐྱོང་ཧུར་ཐག་བྱེད་པ། འགན་འཁྲི་དང་འོས་འགན་ལྷག་བསམ་དག་པོས་ལེཊ་སྒྲུབ་བྱེད་པ། ནུས་ཤུཊ་ཡོད་རྒུས་ཉེན་ཁ་འགོག་ཟོན་དང་། བདེ་འཇཊ་སྲུང་བ། བརྟན་ལྷིང་སྲུང་བ། གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཁྲིམས་སྐྱོང་སྤྱི་བདེའི་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། ཁྲིམས་འཛིན་གྱི་སྤུས་ཚད་དང་ལས་ཕྱོད་དེ་བཞིན་ཁྲིམས་འཛིན་ལ་དམངས་ཀྱི་ཡིད་རྟོན་ཐོབ་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་སྟོབས་ཆེར་གཏོང་བའི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ་བཅས་ཀྱི་སྒོ་ནས་སྤྱི་བདེའི་ལས་དོན་ཐད་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་ཞིག་ཧུར་ཐག་ངང་གཏོད་དགོས་ཞེས་བསྟན་གནང་ཡོད།

ལི་ཀན་ཅེ་དང་། ཝུའུ་ཀྲེང་ལུང་མཇལ་འཕྲད་ནང་ཞུགས་ཡོད། ཝང་ཞའོ་ཧུང་མཇལ་འཕྲད་ནང་ཞུགས་པ་མ་ཟད་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་དང་དེ་བཞིན་འཆར་གཞི་ཟུར་བཀོད་ཀྱི་གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁག་གི་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། སྤྱི་བདེ་ཐིང(ཅུས)གི་འགན་འཁུར་བློ་མཐུན་གཙོ་བོ།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 6 6 拉萨日报藏文 c181806.html 1 /enpproperty-->