ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར“གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་འཛུགས་སྐྲུན་ལ་སྔར་བས་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་དང་། དཀའ་ངལ་སེལ་བས། “གྲོང་གསེབ་ཀྱི་གཞུང་ལམ་ལ་ཡག་པོ་བྱེད་དགོས་པ་བཞི”ཞེས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། ཞིང་པ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། གྲོང་གསེབ་ཀྱི་གཞུང་ལམ་དེ་མང་ཚོགས་སྒོ་འགྲམ་གྱི་ཕྱུག་འགྱུར་ལམ་བུ་དང་། བདེ་སྐྱིད་ཀྱི་ལམ། སེམས་པ་འབྲེལ་བའི་ལམ། དར་རྒྱས་ཀྱི་ལམ་བཅས་སུ་གྱུར་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྒྱུན་མཐུད་ཤུགས་སྣོན་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྲིད་ཇུས་དང་ཁྲིམས་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社