分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོག་སྐབས།

ཤེས་ལྡན་པ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཤེས་ལྡན་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་ལྡན་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཤེས་ལྡན་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་ནན་གསུངས་གནང་བ།

ཝང་མིང་ཀྲེ་དང་། ཀྲའོ་ཧུའེ་ཉན་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་28ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། 《ཤེས་ལྡན་པའི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་གནང་ནས་ཕྱིས་འབྱུང་གི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་རབ་དང་རིམ་པ་གཞིར་འཛིན་པ། ཤེས་ལྡན་པ་འཕེལ་རྒྱས་ཀྱི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ། ཤེས་ལྡན་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་ལྡན་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཤེས་ལྡན་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུ་དང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་མིང་ཀྲེ་དང་། ཀྲའོ་ཧུའེ་ཉན། ཀྲང་ཏིང་ཁྲེང་། ཞུས་ཧའེ། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་གསུངས་དོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་དང་། ལྷག་པར་དུ་ཀྲུང་དབྱང་ཤེས་ལྡན་པའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། “མཐའ་འཁྱོངས་བརྒྱད”ཅེས་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྙིང་བསྡུས་གནང་སྟེ། ང་ཚོར་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཡག་པོ་སྒྲུབ་པའི་སྲུང་བྱ་བསྟན་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཤེས་ལྡན་པའི་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་བཞག་སྟེ།“ཧྲུའུ་ཅིའི་ལས་གཞི”དང“རྩ་འཛུགས་པུའུ་ཀྲང་གི་ལས་གཞི”ལ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 ཝང་མིང་ཀྲེ་དང་། ཀྲའོ་ཧུའེ་ཉན་ཚོགས་འདུར་ཞུགས་པ། ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོག་སྐབས། 6 6 拉萨日报藏文 c181802.html 1 ཤེས་ལྡན་པ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཤེས་ལྡན་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་ལྡན་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཤེས་ལྡན་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་ནན་གསུངས་གནང་བ། /enpproperty-->