分享按钮

ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ལས་དོན་ཚོཊ་འདུའི་འཐུས་མི་དང་མཇལ་འཛོམས་གནང་བ།

ལི་ཆང་དང་། ཚའེ་ཆི། ཏིན་ཤུའེ་ཞང་། ལི་ཞི་བཅས་མཇལ་འཛོམས་ནང་ཞུགས་པ།

ཟླ་5ཚེས་28ཉིན།ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་།ལི་ཆང་།ཚའེ་ཆི།ཏིང་ཤུའེ་ཞང་།ལི་ཞི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་28ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་སྤྱི་བདེའི་ལས་དོན་གྲོས་ཚོཊ་ལ་ཞུཊ་པའི་འཐུས་མི་དང་བྱམས་བརྩེའི་མཇལ་འཛོམས་གནང་ནས་ཁོང་ཚོར་ལྷག་བསམ་དག་པའི་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོཊ་ཉེན་རྟོག་པ་ཚོས་སྤྱི་བདེའི་ལས་དོན་དེང་རབས་ཅན་གྱི་ཕྱོཊ་སུ་སྐུལ་འདེད་གཏོང་རྒྱུར་ཧུར་ཐག་གཞོལ་ནས། རྒྱལ་ཁབ་སྟོབས་ཆེན་འཛུཊ་སྐྱོང་དང་མི་རིཊ་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་མཇལ་འཛོམས་ནང་ཞུགས་ཡོད།

ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནུབ་མར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། བཀའ་མོལ་ཡང་ཡང་གནང་བ་མ་ཟད། དྲན་རྟེན་མཉམ་ཞུགས་སྐུ་པར་ཡང་བསྐྱོན་ཡོད།

ཁྲེན་ཝེན་ཆིང་མཇལ་འཛོམས་ནང་ཞུགས་པ་མ་ཟད་ཚེས་29ཉིན་གྱི་སྔ་དྲོ།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-31 ལི་ཆང་དང་། ཚའེ་ཆི། ཏིན་ཤུའེ་ཞང་། ལི་ཞི་བཅས་མཇལ་འཛོམས་ནང་ཞུགས་པ། 6 6 拉萨日报藏文 c181804.html 1 ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ལས་དོན་ཚོཊ་འདུའི་འཐུས་མི་དང་མཇལ་འཛོམས་གནང་བ། /enpproperty-->