分享按钮

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ།

(པར་ངོས་དང་པོར་མཐུད)རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དུ་དེ་བས་རང་རྟོགས་ཀྱིས་བརྩིས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་དང་འཕེལ་རྒྱས་ཀྱི་ལས་ཞུགས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་།སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པུ་གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ།འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ།དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་སྔར་ལས་མང་བ་ཧུར་ཐག་གསར་སྐྲུན་བྱེད་དགོས།ལས་ཞུགས་བསྡུ་ལེན་བྱེད་ནུས་ཆེ་བའི་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ལས་ཞུགས་ཀྱི་ཤོང་ཚད་བརྟན་པོ་དང་རྒྱ་ཆེར་གཏོང་དགོས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་རེ་སྒུག་གསར་པར་གཞིགས་ནས་ལས་རིགས་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་ཤུཊ་ཆེན་གཏོང་བ་དང་།ལས་རིགས་ཀྱི་གོ་རིམ་གསར་པ་སྔོག་འདོན་དང་གསོ་སྐྱོང་ཧུར་ཐག་བྱས་ནས་ལས་ཞུགས་འཕར་གཞི་གསར་པ་གསར་སྤེལ་བྱེད་དགོས།སྲིད་ཇུས་གལ་ཆེན་དང་།རྣམ་གྲངས་གལ་ཆེན།ཐོན་སྐྱེད་ནུས་ཤུགས་གལ་ཆེན་བཅས་ཀྱི་བཀོད་སྒྲིག་གིས་ལས་ཞུགས་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ནོར་སྲིད་དང་།དངུལ་ལོར།མ་འཇོག འཛད་སྤྱོད།ཐོན་ལས།ས་ཁོངས་སོགས་སྲིད་ཇུས་དང་ལས་ཞུགས་སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་དང་ཕྱོགས་གཅིག་ནས་ཤུགས་འདོན་པར་སྐུལ་འདེད་བཏང་ནས་ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཛུགས་དགོས་པའི་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་བྱང་ཚད་བཟང་བ་དང་།སྤྱི་འབོར་འདང་ངེས་ཡོད་པ།གྲུབ་ཆ་ལེགས་སྒྱུར།ཁྱབ་ཚུལ་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་གཏོད་ནས་མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་དང་མི་མཐུན་པའི་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་ཀྱི་འགལ་བ་ཐག་གཅོད་ཡག་པོ་བྱེད་དགོས།ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་རེས་སྐོར་གསར་པ་དང་འཚམ་པར་བྱས་ཏེ་མི་ཤུགས་ཐོན་ཁུངས་ཀྱི་འཕེལ་ཕྱོགས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་།སློབ་གསོ་དང་།གསོ་སྦྱོང་།ལས་ཞུགས་བཅས་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱེད་པ།མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་ཀྱི་གྲུབ་ཚུལ་བཀོད་སྒྲིག་འགུལ་རྣམ་ལེགས་སྒྲིག་བྱེད་པ།ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ།ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུཊ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།མཁོ་སྤྲོད་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མི་དང་ལས་གནས་ཕན་ཚུན་འཚམ་པ་དང་།མི་སྤྱོད་སྐབས་དགེ་མཚན་ལ་གཞིགས་པ།མིའི་འཇོན་ཐང་གང་ལེགས་འདོན་ཐུབ་པ་བཅས་བྱས་ཏེ་ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་གང་ཐུབ་བྱེད་དགོས།དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ལ་ཡང་དག་པའི་ལས་ཞུགས་ལྟ་བ་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ཏེ་ལས་ཀ་འདེམས་པའི་འདུ་ཤེས་གསར་པར་བརྟེན་ནས་ལས་ཞུགས་ཀྱི་གནམ་ས་གསར་པ་གཏོད་དགོས།ལས་རིགས་ཁ་ཤས་སུ་ལས་མི་སྤྱོད་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།ལས་ཀ་ཡོད་རུང་ལས་ཀ་བྱེད་མཁན་མེད་པའི་གནད་དོན་སེལ་བ་ནས་འགོ་བཙུགས་ཏེ་མི་ཡོད་རུང་ལས་ཀ་མེད་པའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།སློབ་ཆེན་ཐོན་པའི་སློབ་མ་སོགས་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྦྱངས་པའི་དགེ་མཚན་འདོན་སྤེལ་བྱེད་པར་ཕན་པའི་ལས་ཞུགས་ལས་གནས་སྔར་ལས་མང་བ་གསར་སྤེལ་བྱས་ཏེ་གཞོན་ནུ་རྣམས་གཙོ་གནད་ཁྱབ་ཁོངས་དང་།གཙོ་གནད་ལས་རིཊ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དང་།ཁེ་ལས་འབྲིང་བ་དང་།ཆུང་བ།ཆེས་ཆུང་གྲས་བཅས་སུ་ལས་ཞུགས་ལས་གཏོད་བྱ་རྒྱུར་བསྔགས་སྐུལ་བྱས་ཏེ་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ་དང་།ཕྱི་ཕྱོགས་སུ་ལས་ཞུགས་དང་ས་གནས་དེ་གའི་ཉེ་འགྲམ་དུ་ལས་ཞུགས་བྱ་རྒྱུ་གཉིས་ཀ་གལ་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པ་ལས་མིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ཕྱི་ཕྱོགས་སུ་བསྐྱོད་པའི་ཤེས་ལྡན་པ་ཕ་ཡུལ་དུ་ལོག་རྒྱུ་དང་།གྲོང་ཁྱེར་གྱི་ཤེས་ལྡན་པ་གྲོང་གསེབ་ཏུ་བསྐྱོད་དེ་ལས་སྒོ་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།དབུལ་སྒྲོལ་མི་འབོར་གྱི་ལས་ཀ་བྱེད་མཁན་གྱི་གཞི་ཁྱོན་དང་ལས་ཀ་བྱེད་མཁན་གྱི་ཡོང་འབབ་བརྟན་པོ་ཡོང་བར་བྱས་ནས་ལས་ཤོར་གྱི་དབང་གིས་གཞི་ཁྱོན་ཆེ་བའི་རང་བཞིན་གྱི་དབུལ་ཕོངས་སུ་བསྐྱར་ལོག་བྱེད་པར་སྔོན་འགོག་བྱེད་དགོས།ལོ་ན་རྒན་པ་དང་།དབང་པོ་སྐྱོན་ཅན།དུས་ཡུན་རིང་པོར་ལས་ཀ་ཤོར་བ་སོགས་ལས་ཞུགས་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱས་ཏེ་ལས་ཞུགས་མེད་པའི་ཁྱིམ་ཚང་གི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས།དམག་ཞབས་ཐིམས་པའི་དམག་མི་དང་བུད་མེད་སོགས་ཚོགས་སྤྱིའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ལས་ཞུགས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འཐུས་ཚང་དུ་འཛུགས་དགོས།ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ལས་གཏོད་ཞབས་ཞུ་ལེགས་སུ་གཏོང་བ།ལས་གཏོད་སྤུས་ཚད་མཐོ་རུ་གཏོང་དགོས།གཅིག་གྱུར་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཚོང་རའི་མ་ལག་འཐུས་ཚང་དུ་བཏང་ནས་དྲང་གཞག་གི་ལས་ཞུགས་ཁོར་ཡུག་བསྐྲུན་པ་དང་།མི་ཚང་མར་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་ཡོད་པར་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས།ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་།ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་གྱི་ཚད་གཞི་ཚད་ལྡན་དུ་གཏོང་བ།སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ།ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས།ལས་ཞུགས་སྟབས་བསྟུན་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་སྟེ་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་དང་ལམ་ལུགས་ཆགས་པར་བྱེད་དགོས།ཁྲོམ་ར་ལྟ་སྐུལ་དོ་དམ་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཞུཊ་ལ་མཐོང་ཆུང་དང་།གླ་ཕོཊ་ཆད་པ།འགན་སྲུང་ཆད་པ།ཁྲིམས་འགལ་གྱིས་ལས་མི་ཉུང་འཕྲི་བྱེད་པ་སོགས་ཀྱི་ཟང་ཟིང་བཅོས་སྐྱོང་ནུས་ལྡན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་མཇུག་ཏུ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུཊ་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་རྩ་འཛུཊ་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ལས་ཀའི་མཉམ་ཤུཊ་ཆེ་རུ་གཏོང་བ་བཅས་བྱེད་དགོས།ཀྲུང་གོའི་ལས་ཞུཊ་རིགས་པའི་གཞུང་ལུཊ་མ་ལག་མགྱོཊ་མྱུར་བཙུཊ་ནས་ལས་ཞུཊ་ཁྱབ་ཁོངས་ནང་རང་རྒྱལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུཊ་རྐྱེན་ནུས་ལྡན་ངང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181761.html 1 ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ། /enpproperty-->