ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞི་རིམ་གྱི་ཞབས་ཞུ་སྔར་བས་གནད་ལ་འཁེལ་བ་དང་ཕན་འབྲས་དངོས་ཀྱི་རང་བཞིན་གོང་མཐོར་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་དང་རང་ངོས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་ནུས་པ་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཉི་དྲོད་གླིང་སྡེ་ཁུལ་གྱིས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སྨན་ཁང་དང་མཉམ་འབྲེལ་བྱས་ནས་སྨན་པ་སྡེ་ཁུལ་དུ་བསྐྱོད་དེ་མང་ཚོགས་ལ་གཅེས་སེམས་བཅངས་ནས་དྲོ་སྐྱིད་སྦྱིན་པའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཐོག་སྡེ་ཁུལ་གྱི་གྲོང་མིར་ཕན་ནུས་ཆེ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། དྲག་ཆས་ཉེན་རྟོག་བོད་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་སྨན་དོན་མི་སྣས་སྡེ་ཁུལ་གྱི་ཡུལ་མི་མང་ཚོགས་ལ་སྨན་བཅོས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། ཁྲག་ཤེད་ཚད་འཇལ་བ། ཁྲག་མངར་ཚད་འཇལ་བ། ནད་གཞི་བརྟག་དཔྱད་སོགས་བྱས་པར་མ་ཟད། བདེ་ཐང་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་། སྨན་བཅོས་དང་བློ་འདྲི་བྱེད་པར་ཡོང་བའི་མང་ཚོགས་ཚང་མར་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་ནས་སྨན་བཅོས་བྱེད་མཁན་མང་ཚོགས་ཀྱི་གནད་དོན་སྣ་ཚོགས་ལ་ངང་རྒྱུད་རིང་པོས་ལན་བཏབ་པ་དང་། མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྨན་བཅོས་བྱེད་པར་ཁྲིད་སྟོན་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་སྡེ་ཁུལ་གྱི་གོང་བུར་འགྲིལ་ཤུགས་དང་བློ་སེམས་ཕྱོགས་ཤུགས་ཆེ་རུ་ཕྱིན་པར་མ་ཟད། གཞི་རིམ་གྱི་ཏང་འཛུགས་སྐྱོང་སྤེལ་རེས་ཀྱི་ལས་སྟེགས་ཀྱང་རྒྱ་ཆེར་བཏང་ཡོད། རྗེས་མར་ཉི་དྲོད་གླིང་སྡེ་ཁུལ་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་དམངས་ལ་དོན་དངོས་དང་བྱ་བ་བཟང་པོ་ཏན་ཏིག་བསྒྲུབ་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社