分享按钮

ལོ་འགོ་ནས་ད་བར་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་183བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་27ཉིན།ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་དངུལ་རྩ་མཉམ་འདྲེས་གཏིང་ཟབ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་གཞུང་དང་།དངུལ་ཁང་།ཁེ་ལས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ་དང་།གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།2024ལོའི་ལོ་འགོ་ནས་ད་བར་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་183བཏང་ནས་རང་འགུལ་ངང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་རིམ་ཁག་ཏང་ཨུད་སྲིད་གཞུང་དང་སྤྱི་ཁྱབ་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་།དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཐོག་མཐའ་བར་གསུམ་དུ་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འཐབ་ཇུས་གལ་ཆེན་དང་།གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་པར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལོ་འགོ་ནས་ད་བར་རིམ་རྩིས་བྱས་ན་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དངུལ་བུན་སྒོར་དུང་ཕྱུར་183བཏང་བ་དང་།དུས་མཚུངས་དང་བསྡུར་ན་སྒོར་དུང་ཕྱུར་50མང་དུ་བཏང་བ་དང་།མིག་སྔའི་བར་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་680ཟིན་ཡོད་པ་རེད།

ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་ཀུན་ཕན་དངུལ་རྩ་པུའི་འགན་འཁུར་བ་བཀྲ་ཤིས་བུ་ཁྲིད་ཀྱིས་ང་ཚོའི་དངུལ་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་དོ་སྣང་ཆེན་པོ་བྱས་ནས་ཚན་རྩལ་དངུལ་བུན་eསོགས་དམིགས་སའི་རང་བཞིན་གྱི་དངུལ་རྩའི་ཐོན་རྫས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཆེད་ལས་དང་། སྤུས་ལེགས། གསར་པ། མཐོ་གསར་ལག་རྩལ། ཚན་རྩལ་རྣམ་པ་སོགས་ཀྱི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་གི་ཡོད་ཅེས་བཤད།

འདི་ལོ་ནས་བཟུང་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་དོ་སྣང་ཆེན་པོ་བྱས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུ་རྒྱུ་དང་། དངུལ་རྩར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཚན་རྩལ་དངུལ་བུན་eསོགས་དམིགས་སའི་རང་བཞིན་གྱི་དངུལ་རྩའི་ཐོན་རྫས་ཁྱབ་གདལ་ཤུགས་ཆེན་བཏང་བ་བརྒྱུད་ཆེད་ལས་དང་། སྤུས་ལེགས། གསར་པ། མཐོ་གསར་ལག་རྩལ། ཚན་རྩལ་རྣམ་པ་སོགས་ཀྱི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་རང་གྲོང་གི་ཚན་རྩལ་རྣམ་པའི་ཁེ་ལས་ཁག་50ལྷག་ཙམ་ལ་རྒྱབ་སྐྱོར་བྱས་པ་དང་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་120ལྷག་ཙམ་ཟིན་པ་དང་2024ལོའི་ལོ་འགོ་ནས་ད་བར་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང་ཚན་རྩལ་རྣམ་པའི་ཁེ་ལས་30ལྷག་ཙམ་དབར་མཉམ་ལས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་ནས་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་35ཟིན་ཡོད་པ་རེད།(བུ་ཆུང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181757.html 1 ལོ་འགོ་ནས་ད་བར་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་183བཏང་བ། /enpproperty-->