分享按钮

ན་ནིང་ནས་བཟུང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་གྱོད་གཞི་ཁྱོན་1018རྩད་ཆོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཡོངས་སྤྱི་བདེ་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་བ་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་ནས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བས་ཡར་རྒྱས་དྲུག་གི་ལས་ཀའི་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ན་ནིང་ནས་བཟུང་། རང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། སྤྱི་བདེ་པུའི་ཏང་ཨུད། སྤྱི་བདེ་ཐིང་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཁག་ལག་ལེན་མཐར་ཕྱིན་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་པ་དང་། མི་དམངས་སྤྱི་བདེའི་དམིགས་ཡུལ་གྱི་འདུ་ཤེས་ལག་ལེན་ལྷག་བསམ་རྣམ་དག་བྱས་ནས་མི་དམངས་མང་ཚོགས་ཀྱི་དངུལ་ཁུག་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས“སྤྲིན་གྲི”སོགས་ཆེད་དོན་བྱ་སྤྱོད་ལ་བརྟེན་ནས།སྔོན་བརྡ་དང་བཀག་འགོག་གཙོ་གནད་དུ་བཟུང་བ།ལས་རིགས་བཅོས་སྐྱོང་རྨང་གཞིར་བྱས་ནས་གཅིག་གྱུར་འཆར་འགོད་ལྟ་རྟོག་དང་རྡུང་རྡེག་དང་འགོག་སྲུང་ཟུང་འབྲེལ།ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བཅས་རྒྱུན་འཁྱོངས་བྱས་ཏེ་ཆེད་ལས་བཞི་དང་མཉམ་ཤུགས་གཉིས་ཀྱི་ལས་ཀའི་བསམ་ཕྱོགས་ཟབ་སྤེལ་བྱས་ནས་རྡུང་རྡེག་དང་། འགོག་པ། དོ་དམ། ཚོད་འཛིན་། བཅོས་སྐྱོང་བཅས་ཀྱི་ཐད་བྱེད་ཐབས་གསར་པ་དང་བྱེད་ཐབས་དངོས་སྤྱད་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཡར་རྒྱས་དྲུག་གི་ལས་ཀའི་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ན་ནིང་ནས་བཟུང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་1018རྩད་ཆོད་པ་དེ་དུས་མཚུངས་ལས་བརྒྱ་ཆ་34.48འཕར་ཡོད་པ་དང་། བསྡམས་བཅད་མ་དངུལ་སྒོར་དུང་ཕྱུར་4.13ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་17.33འཕར་བ། མང་ཚོགས་ལ་གྱོང་གུན་སྒོར་ཁྲི་4835.56ལྷག་ཙམ་མི་ཡོང་བར་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་321.27འཕར་ཡོད། ཕྱིར་སློག་དབང་ཆ་ཁ་གསལ་ཡིན་པའི་མགོ་སྐོར་བཏང་བའི་མ་དངུལ་སྒོར་ཁྲི་6057.03ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་20འཕར་ཡོད་པ་རེད།

སླད་ཕྱིན་རང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་དྲིལ་བསྒྲགས་དོགས་ཟོན་དང་། གནད་ལ་འཁེལ་བའི་རྡུང་རྡེག སྔོན་ཚུད་ནས་ཉེན་བརྡ་བཏང་སྟེ་བཀག་འགོག་བྱེད་པ། བརྐུས་རྫས་བདའ་འདེད་དང་གྱོང་གུན་གསབ་པ། ཕྱོགས་བསྡུས་བཅོས་སྐྱོང་། མཉམ་ལས་མཉམ་འགུལ་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་ཆེན་པོ་བྱས་ནས་རྡུང་རྡེག་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་དངུལ་ཁུག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་བདེའི་ལེགས་སྐྱེས་གསར་པ་དང་སྤྱི་བདེའི་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་འབུལ་རྒྱུ་རེད་ཅེས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་པ་སངས་ཀྱིས་བཤད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181759.html 1 ན་ནིང་ནས་བཟུང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་གྱོད་གཞི་ཁྱོན་1018རྩད་ཆོད་པ། /enpproperty-->