分享按钮

(པར་ངོས་དང་པོར་མཐུད)ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དོ་ཁུར་དང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་བ་དང་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་ལས་དོན་བཅས་ཀྱི་ཐད་མཛུབ་སྟོན་དང་བླང་བྱ་རབ་དང་རིམ་པ་བཏོན་ཡོད་པས་ང་ཚོས་གཞི་གཅིག་ཏུ་སློབ་སྦྱོང་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་ཕར་ཕྱིན་རྒྱག་པའི་ནུས་པ་བཏོན་ནས་ལས་དོན་ཞིབ་ཚགས་ཡག་པོ་བསྒྲུབས་ཐོག་གྲོང་ཁྱེར་ལ་དོ་དམ་ཞིབ་ཚགས་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ་སྟེ།

ཚད་མཐོའི་མཐོང་ཆེན་བྱེད་དགོས་པ། གྲོང་ཁྱེར་དོ་དམ་ལས་དོན་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་འགོ་ཁྲིད་གཙོ་བོས་དངོས་སུ་བཀོད་སྒྲིག་དང་། མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ། སྔོན་ལ་བསམ་བློ་གཏོང་བ་དང་། མདུན་ཕྱོགས་སུ་བསྐྱོད་པ། མདུན་ཕྱོགས་སུ་ལས་དོན་སྒྲུབ་པ་བཅས་བྱེད་པ་དང་། འཐབ་ཕྱོགས་དང་པོར་ཟབ་འཇུག་བྱས་ནས་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད་བཅས་བྱེད་པ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་སྒོ་ནས་གྲོང་ཁྱེར་དོ་དམ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་དགོས་པ། འཆར་འགོད་སྔོན་ལ་སྤེལ་བ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་བྱེད་ནུས་ངེས་གནས་དང་། ས་ཁོངས་བཀོད་སྒྲིག ཐོན་ལས་ཀྱི་འདེགས་སྐྱོར། རིག་གནས་ཀྱི་ཉམས་འགྱུར། འཛུགས་སྐྲུན་གྱི་ཁྱད་ཆོས་སོགས་ལ་གཞི་ཚུགས་ཏེ། འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་གྱི་འཆར་འགོད་བཟོ་དགོས། འཆར་འགོད་ལག་བསྟར་ནན་པོ་བྱས་ནས་འཆར་འགོད་གཅིག་འགོད་པ་མཐའ་འཁྱོངས་མཐར་ཕྱིན་བྱས་ཏེ། འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་། བཙན་ཤེད་རང་བཞིན། དབང་གྲགས་རང་བཞིན་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

བློ་གྲོས་ལྡན་པའི་དོ་དམ་བྱེད་དགོས་པ། དེང་རབས་ཀྱི་ཚན་རྩལ་བྱ་ཐབས་སྤྱད་དེ་གྲོང་ཁྱེར་དོ་དམ་རིག་ནུས་ཅན་དང་། ཞིབ་ཚགས་ཅན། ཕན་ནུས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དོ་དམ་གྱི་བྱེད་ཐབས་དང་ཐབས་ཇུས་ལེགས་བཅོས་དང་། གྲོང་ཁྱེར་དོ་དམ་གྱི་721ཅེས་པའི་ལས་ཀའི་བྱེད་ཐབས་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། གཞན་དབང་གི་དོ་དམ་དེ་རང་འགུལ་གྱི་ཞབས་ཞུའི་ཕྱོགས་སུ་བསྒྱུར་ནས་ཤུགས་ཚད་ཡོད་ལ་དྲོད་ཚད་ཀྱང་ལྡན་པར་བྱེད་དགོས།

དག་ཐེར་ཤུགས་ཆེན་བྱེད་དགོས་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་བྱ་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་སྒྲིག་སྲོལ་དང་འགལ་བའི་འཛུགས་སྐྲུན་དང་། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན། གྲོང་ཁྱེར་གྱི་བརྐོས་བརྙན། ལམ་བཟུང་གཉེར་སྐྱོང་། འགྲིམ་འགྲུལ་གྱི་སྒྲིག་སྲོལ་ལ་བརྩི་སྲུང་མི་ཞུ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཀྱིས་འགག་སྒྲོལ་བྱས་ཏེ་གཙང་མ་དང་། བཀོད་པ་ལེགས་པ། གོ་རིམ་ལྡན་པ་བཅས་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་བསྐྲུན་ནས་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།

དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། རིམ་པ་ཁག་གི་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དང་ལས་རིགས་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་དང་དཀའ་གནད་སེལ་བའི་སྤྱོད་ཚུལ་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་དེ་བཞིན་གྲོང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཆེན་པོ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181756.html 1 /enpproperty-->