(པར་ངོས་གཉིས་པར་མཐུད)སྤུས་རྟགས་སྐྱེད་སྲིང་། ཤེས་བྱའི་བདག་དབང་། སྤུས་ཚད་རྨང་གཞིའི་རང་བཞིན་གྱི་ཞབས་ཞུ། དམིགས་བསལ་སྒྲིག་ཆས་ཀྱི་ལག་རྩལ་ཞབས་ཞུ་སོགས་ཀྱི་ཐད་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་རྣམ་པའི་ཐོག་ནས་ཁེ་ལས་ལ་སྤུས་ཚད་རྨང་གཞིའི་གཅིག་འཐུས་རྣམ་པའི་ཞབས་ཞུ་དང་སྲིད་ཇུས་ཆ་འཕྲིན་གསར་ཤོས་མཁོ་འདོན་བྱས་པ་དང་།ཞིབ་བཤེར་ཞིབ་དཔྱད་ལས་ཁུངས་ལ་མཉམ་སྤྱོད་སྟེགས་བུ་བསྐྲུན་པ།མང་ཚོགས་ལ་སྟབས་བདེ་ཅན་གྱི་ཞིབ་དཔྱད་ཚད་ལེན་ཞབས་ཞུ་མཁོ་འདོན་བྱས་པ།ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་རྩལ་གྱི་འདེགས་སྐྱོར་བཅས་མཁོ་འདོན་བྱས་ཡོད།
ཕུགས་གཏོད་ལྷ་ས་ཞེས་པའི་ཞིབ་བཤེར་ཞིབ་དཔྱད་བདེན་དཔང་ར་སྤྲོད་ཀྱི་གཅིག་འཐུས་རྣམ་པའི་བློ་འདྲིའི་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་ཕེ་ཧྲི་ཅེ་ཡིས་ང་ཚོའི་སྟེགས་བུ་ནི་གཙོ་བོ་ལྷ་ས་གྲོང་ཁྱེར་གྱི་ས་གནས་དེ་གའི་ཞིབ་བཤེར་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་དང་ཚད་འཇལ་ཚད་གཞི་སོགས་སྤུས་ཚད་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་ཁེ་ལས་དང་། མང་ཚོགས། ལས་རིགས་ཁག་བཅས་ལ་ཞབས་ཞུ་མཁོ་འདོན་བྱེད་པ་དང་། གཙོ་བོ་མང་ཚོགས་སམ་ཡུལ་སྐོར་བར་དམིགས་ནས་གསེར་དངུལ་གྱི་རྒྱན་ཆ་དང་། ནོར་བུའི་རིགས་ཆས་ལ་རིན་མེད་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་ཀྱི་ཡོད། མིག་སྔར་མང་ཚོགས་ལ་གསེར་དངུལ་གྱི་རྒྱན་ཆ་དང་། ནོར་བུའི་རིགས་ཆས་2000ལྷག་ཙམ་རིན་མེད་ངང་ཞིབ་དཔྱད་ཚད་ལེན་བྱས་པ་དང་ཁེ་ལས་ལ་ཡུལ་དངོས་སུ་ཞབས་ཞུ་ཐེངས་40ལྷག་ཙམ་བསྒྲུབས་ཡོད་ཅེས་བཤད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社