分享按钮

རང་གྲོང་གིས《ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཞིང་ཕན་ཁྱབ་ཁོངས་ཀྱི་ཐུན་མོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲིའི་དབྱེ་འབྱེད་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ།

(པར་ངོས་དང་པོར་མཐུད)བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་བ་དང་། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་དུས་ཐོག་ཏུ་ཚང་མ་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་། བདེ་སྣང་། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

《ལག་བསྟར་ཇུས་གཞི》ནི་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གིས་སྤྱི་པའི་ཞབས་ཞུའི་འགན་ནུས་སྒྲུབ་པའི་སྲིད་ཇུས་ཀྱི་ལག་ཆ་གཙོ་བོ་དང་རྒྱུན་སྤྱོད་ཆེ་ཤོས་ཡིན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། 《ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ་དེས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་དོན་དངོས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ།ཞན་ཆ་ཁ་གསབ་བྱ་རྒྱུར་གཞི་ཚུགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དམངས་ཕན་ཞིང་ཕན་གྱི་ཁ་གསབ་ཚད་གཞི་བཟོས་པ་དང་།དོན་འཁྱོལ་གྱི་བརྒྱུད་རིམ་ལེགས་སུ་བཏང་སྟེ་དོན་འཁྱོལ་གྱི་ཕན་འབྲས་ཆེ་རུ་བཏང་བ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཐོག་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་།བློ་ཡིད་ཚིམ་ཚད་བཅས་ཡག་ཐོག་ཡག་བརྩེགས་ཡོང་བར་བྱས་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181754.html 1 རང་གྲོང་གིས《ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཞིང་ཕན་ཁྱབ་ཁོངས་ཀྱི་ཐུན་མོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲིའི་དབྱེ་འབྱེད་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ། /enpproperty-->