(པར་ངོས་དང་པོར་མཐུད)ཡུལ་སྐོར་བའི་མིག་དབང་འཕྲོག་པར་བྱེད་དགོས་པ་དང་། འགྲན་བསྡུར་བྱས་པ་བརྒྱུད་ཡུལ་སྐོར་རིག་གནས་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་ལས་དོན་གྱི་རྩ་དོན་ལ་དམིགས་ནས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཡག་པོ་ཞིག་གཉེར་ཏེ། འགྲན་བསྡུར་བྱེད་རིང་རིག་གནས་བྱེད་སྒོ་ཡང་བར་དུ་བཅུག་ནས་སྤེལ་ཏེ་སྤྲོ་སྣང་དང་ཞི་མཐུན་གྱིས་ཁེངས་པའི་འགྲན་བསྡུར་གྱི་རྣམ་པ་ཞིག་བསྐྲུན་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་རིང་གི་རྒྱ་ཆེའི་ཞིང་འབྲོག་པའི་མང་ཚོགས་ཀྱི་སྐྱིད་པའི་འཚོ་བ་མངོན་པར་བྱེད་པ་དང་། འགྲན་བསྡུར་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏོང་དགོས་པ། འགྲན་བསྡུར་དེ་རིམ་བཞིན་ཁྲོམ་ར་ཅན་དུ་འགྱུར་བར་བྱས་ནས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དེ་ཡུལ་སྐོར་རིག་གནས་འཛད་སྤྱོད་དང་ཚོང་ཟོག་འགྲེམས་ཚོང་ལ་རོགས་རམ་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་མང་ཚོགས་ཀྱི་བྱེད་སྒོ་ཞིག་ཏུ་བསྒྱུར་ཏེ། མང་ཚོགས་འགྲན་བསྡུར་ནང་ཞུགས་པ་དང་ཆབས་ཅིག་སྲིད་ཇུས་ཀྱི་ཕན་བདེ་ཡང་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས།
ཁྲེན་ཅིང་གིས་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས། བསམ་སྦྱོར་གཉིས་ཀ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་སྒྲིག་འཛུགས་དང་འཁོར་སྐྱོད་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་དང་། བདེ་འཇགས་ལས་ཀའི་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་སྔར་བས་ཞིབ་ཚགས་སུ་བཏང་ནས། ལུས་རྩལ་འགྲན་བསྡུར་གྱི་བདེ་འཇགས་དོ་དམ་ལས་དོན་དམ་དུ་བཏང་ནས་འགྲན་བསྡུར་སྒྲིག་འཛུགས་བདེ་འཇགས་དང་། འགྲིམ་འགྲུལ་དོ་དམ་ཐད་གོ་རིམ་ལྡན་པ། དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་པ། མང་ཚོགས་བློ་ཡིད་ཚིམ་པ། འགྲན་བསྡུར་བདེ་བླག་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས་པ། སྤྱིའི་བཀོད་སྒྲིག་གི་བླང་བྱ་ལྟར། རང་ངོས་ཀྱི་འགན་ནུས་དང་ལས་བགོས་བྱས་པ་དང་ཟུང་འབྲེལ་བྱས་ཏེ། འགན་འཁུར་ཕོད་པར་བྱས་ནས་སྒྲིག་འཛུགས་བྱ་རྒྱུ་གྲ་སྒྲིག་དང་། བདེ་འཇགས་ངང་དོ་དམ་དང་ཚོད་འཛིན། དྲིལ་བསྒྲགས་འཕྲིན་གཏོང་སོགས་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་ཁྱད་ཆོས་ལྡན་པ་དང་། ཆུ་ཚད་ཡོད་པ། ཕན་འབྲས་དངོས་སུ་ཐོན་པ་བཅས་ཀྱི་འགྲན་བསྡུར་ཞིག་གཉེར་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社