分享按钮

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

དགྲ་འདུལ་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་28ཉིན་གྱི་ཕྱི་དྲོར།གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོཊ་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་།2024ལོར་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་ཐག་གཅོད་བྱེད་པའི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་གྲོང་གིས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བར་བཀོད་སྒྲིག་བྱས་ཚུལ་གསལ་བཤད་བྱས་པ། གྲོང་ཁྱེར་སྤྱི་བདེ་ཅུས་དང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་བཅས་ཀྱི་ལས་བགོས་འགན་འཁུར་བས་སྤེལ་རེས་གཏམ་བཤད་གནང་བ་རེད།

དགྲ་འདུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཁུལ)ཁག་དང་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་མཐོར་གཏོང་དང་། ལས་ཀའི་དགོས་གཏུག་གི་འདུ་ཤེས་ཟབ་ཏུ་གཏོང་བ།སྔོན་འགོག་གི་འདུ་ཤེས་འཛུགས་པ། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་སྔོན་འགོག་དང་ཐག་གཅོད་བྱེད་པའི་བྱ་སྤྱོད་ཡག་པོ་སྤེལ་བ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། མིག་སྔའི་དུས་བབ་ལ་དམ་འཛིན་ཡང་དག་བྱེད་པ། དངུལ་རྩའི་བདེ་འཇགས་འགོག་སྲུང་གི་འཛིང་རགས་སྲ་བརྟན་དུ་གཏོང་བ། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། དུས་ཐོག་ཏུ་སྔོན་བསྡུ། འགག་སྒོ་མདུན་སྤོ། ཐག་གཅོད་སྔ་ཙམ་བཅས་བྱས་ཏེ་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མ་མཐའི་མཚམས་ཐིག་བརྟན་པོར་བསྲུངས་ནས་དཔལ་འབྱོར་དང་དངུལ་རྩ་བརྟན་པོ་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། འགན་འཁྲི་ལས་བགོས་ཁ་གསལ་བཟོས་ནས་ལས་ཀའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་།ས་ཁོངས་དོ་དམ་དང་ལས་རིགས་ཁོངས་གཏོགས་ཀྱི་རྩ་དོན་གཞིར་བཟུང་།ས་ཁོངས་དོ་དམ་འགན་འཁྲི་དང་། ལས་རིགས་ལྟ་སྐུལ་དོ་དམ་འགན་འཁྲི། ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ལམ་སྲོལ་བཅས་དོན་འཁྱོལ་གནད་ལ་འཁེལ་བར་བྱས་ནས་ཐག་གཅོད་ལས་དོན་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་འགན་ལ་དམ་འཛིན་བྱས་ནས་ལས་ཀའི་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་བཏང་སྟེ་བྱེད་ཐབས་བཞི་དོན་འཁྱོལ་དང་།འགག་སྒོ་གསུམ་ལ་དམ་པོར་འཛིན་པ།ལམ་སྲོལ་གསུམ་འཐུས་ཚང་དུ་བཏང་སྟེ་གོང་འོག་མཉམ་འགུལ་དང་། འཕྲེད་ཕྱོགས་གཞོགས་འདེགས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ནས་དངུལ་རྩའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་གང་ལེགས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 དགྲ་འདུལ་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c181751.html 1 གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->