分享按钮

ཁྱད་ལྡན་འགྲེམས་ཚོང་གིས་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ ནས་ཕྱིར་ཚོང་སྒོར་ཁྲི་130ལྷག་ཙམ་བྱུང་བ།

2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་ཚོང་ཟོག་འགྲེམས་ཚོང་བྱེད་སྒོ་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་ཚོང་ཟོག་འགྲེམས་ཚོང་བྱེད་སྒོ་བདེ་བླག་ངང་མཇུག་འགྲིལ་ཞིང་། བྱེད་སྒོའི་དུས་ཡུན་ཉིན་7ཡིན་པ་དང་། རིམ་རྩིས་བྱས་ན་གྲོང་མི་དང་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཕྱིར་ཚོང་སྒོར་ཁྲི་130ལྷག་ཙམ་བྱུང་བ་རེད།

ད་ཐེངས་ཀྱི་འགྲེམས་ཚོང་བྱེད་སྒོས་གངས་ལྗོངས་ཀྱི་གནའ་གྲོང་དང་གནས་མཆོག་ལྷ་ས་ཞེས་པ་གཙོ་དོན་དུ་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་གཙོ་དོན་འགྲེམས་སྟོན་བྱེད་ས་30བཙུགས་པ་དང་། དུས་མཚུངས་དྲ་ཐོག་གྲགས་ཅན་གྱི་པར་རྒྱག་ས་2 རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བྱ་ཡུལ་4བཙུགས་ཡོད་པ་རེད། རང་གྲོང་གི་ཁེ་ལས་30ཡིས་ཐང་ག་དང་། བོད་རུམ། གཟིམ་སྤོས། རིག་གནས་གསར་གཏོད་ཀྱི་ཐོན་རྫས། ནས་ཀྱི་བཟའ་བཅའ། དཀར་ཆུའི་ཐོན་རྫས། ནོར་གནག་གི་ཤ་སྐམ་སེང་། གཏེར་ཆུ་སོགས་ཁྱོན་འགྲེམས་ཚོང་ཐོན་རྫས་400ལྷག་ཙམ་ཁྱེར་ཡོང་ནས་ཡུལ་དངོས་སུ་འཁྲུག་ཆ་ཧ་ཅང་དོད་པས་འཛད་སྤྱོད་པ་མང་པོས་ཐོན་རྫས་ལ་ཤེས་རྟོགས་དང་སྤྲོ་སྣང་ལྡན་པའི་ངང་ཉོ་སྒྲུབ་བྱས་ཏེ།ལྷ་སའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཡོད། བོད་ལྗོངས་མཚོ་མོ་ངང་ལག་རིང་པོ་བོད་སྨན་རྒྱུ་ཆ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཕྱིར་ཚོང་ཅིང་ལི་དབང་ལྡན་རྡོ་རྗེས་བྱེད་སྒོ་གཉེར་བ་བརྒྱུད།ང་ཚོར་ཐོན་རྫས་འགྲེམས་ཚོང་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱས་པས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཧ་ཅང་ཡག་པོ་བྱུང་ལ།གྲོང་མི་དང་ཡུལ་སྐོར་བས་ང་ཚོའི་ཐོན་རྫས་ལ་སྔར་བས་ཤེས་རྟོགས་ཐུབ་ནས་ཁྱབ་གདལ་གྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད་ཅེས་བཤད།

ད་ཐེངས་ཀྱི་འགྲེམས་ཚོང་བྱེད་སྒོ་དེ་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གོ་སྐབས་སུ་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། འཛད་སྤྱོད་ལ་སྐུལ་ཁྲིད། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ། ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ལྷ་སའི་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་དང་ངོམ་སྟོན་བྱས་ཏེ་མི་དེ་བས་མང་བས་ལྷ་སར་ངོས་འཛིན་དང་། ལྷ་སར་ཤེས་རྟོགས། ལྷ་སར་དགའ་པོ་བཅས་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་ཁེ་ལས་ལ་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ནས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ་དང་། སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་རོགས་བྱས་ཏེ་ལྷ་སའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

གྲོང་ཁྱེར་ཚོང་དོན་ཅུས་མཁོ་ཚོང་མཉམ་ལས་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་གིས་བྱེད་སྒོ་གཉེར་བ་དེས་འཛད་སྤྱོད་པའི་ཉོ་སྒྲུབ་ཀྱི་དགོས་མཁོ་བསྐངས་བར་མ་ཟད། གྲོང་མི་དང་ཡུལ་སྐོར་བར་ཉོ་སྒྲུབ་དང་སྤྲོ་གསེང་དུ་འགྲོ་ཡུལ་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་པ་དང་དུས་མཚུངས་ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་ཁེ་ལས་ལ་ངོམ་སྟོན་འགྲེམས་ཚོང་གི་སྟེགས་བུ་ཞིག་ཀྱང་མཁོ་འདོན་བྱས་ནས།རང་གྲོང་གི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཡོད་ཅེས་བཤད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་ཚོང་ཟོག་འགྲེམས་ཚོང་བྱེད་སྒོ་མཇུག་འགྲིལ་བ། 6 6 拉萨日报藏文 c181752.html 1 ཁྱད་ལྡན་འགྲེམས་ཚོང་གིས་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ ནས་ཕྱིར་ཚོང་སྒོར་ཁྲི་130ལྷག་ཙམ་བྱུང་བ། /enpproperty-->