ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་དུས། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་རྒྱ་ཁྱབ་ངང་བརྟག་ཞིབ་བྱས་པ་བརྒྱུད་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས《ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཞིང་ཕན་ཁྱབ་ཁོངས་ཀྱི་ཐུན་མོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲིའི་དབྱེ་འབྱེད་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་པ་དང་དངོས་སུ་པར་འགྲེམས་བྱས་ཤིང་།དམངས་ཕན་ཞིང་ཕན་གྱི་ཁ་གསབ་མ་དངུལ་དོན་ཚན་གྱི་དབང་ཆ་དང་འགན་འཁྲིའི་ཁྱབ་ཁོངས་སྔར་བས་གསལ་པོ་བཟོས་ནས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་དུས་ཐོག་ཏུ་ཆ་ཚང་སྤྲོད་ལེན་ཐུབ་རྒྱུའི་འགན་ལེན་བྱས་ཡོད།
《ལག་བསྟར་ཇུས་གཞིའི》ནང་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་དང་། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་ལེགས་སུ་གཏོང་བ། ས་བོན་ལས་རིགས་གསར་གཏོད་འཕེལ་རྒྱས། ས་གཙང་བདེ་ཐང་དང་གཙོ་གནད་ཐོན་ལས་འཕེལ་རྒྱས་སོགས་རིགས་13དང་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་དོན་ཚན་57ཚུད་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་དང་། ནགས་ལས། ཆུ་བེད། སློབ་གསོ། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་དམངས་ཕན་ཞིང་ཕན་གྱི་ཁ་གསབ་མ་དངུལ་གྱི་དབང་ཆ་དང་འགན་འཁྲིའི་ཁྱབ་ཁོངས་སྔར་བས་གསལ་དུ་བཏང་ཡོད་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ(གླིང་ཁུལ་ཚུད་པ)ཡི་ནོར་སྲིད་གཏོང་སྒོའི་འགན་འཁྲི་ཁ་གསལ་བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ལས་རིགས་དོ་དམ་ཚན་པས་ཏང་དང་སྲིད་གཞུང་གི་དམངས་ཕན་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社