མི་དང་ཕྱུགས་རིཊ་ལོཊ་དབྱེའི་འདུ་འགོད་ལག་བསྟར་བྱེད་པ་ནི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པའི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། གནས་སྡོད་དང་འཚམ་པ་དང་ལས་ཞུགས་དང་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་བཅས་བྱེད་པའི་ཆ་རྐྱེན་གཙོ་བོ་ཡིན། 2023ལོའི་ཟླ་7པ་ནས་བཟུང་ལྷུན་གྲུབ་རྫོང་གིས་མི་དང་ཕྱུགས་རིགས་ལོགས་དབྱེའི་རྣམ་གྲངས་འཛུགས་སྐྲུན་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དང་ཕྱུགས་རིགས་མཉམ་བསྲེས་དང་ཁོར་ཡུག་བཙོག་པ་སོགས་ཀྱི་སྣང་ཚུལ་ལེགས་སུ་གཏོང་རྒྱུར་སྣང་ཆེན་ཤུགས་ཆེན་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད།
བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་ཡུལ་མི་ཆུང་ཆུང་གི་ཁྱིམ་དུ་སླེབས་སྐབས་དང་ཐོག་གཙང་ཞིང་གྲལ་འགྲིག་པའི་ལྷས་ར་མཐོང་རྒྱུ་ཡོད། ཆུང་ཆུང་ཁྱིམ་གྱིས་གསར་དུ་བསྐྲུན་པའི་ལྷས་རའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་50ཡོད་པ་དང་། ཁྱོན་སྒོར་12000བཏང་བའི་ནང་སྒོར་3500རང་གྲབས་དང་སྲིད་གཞུང་གིས་སྒོར་8500ཁ་གསབ་བྱས་ཡོད་པ་རེད། མི་ཕྱུགས་ལོགས་དབྱེའི་རྣམ་གྲངས་འཛུགས་སྐྲུན་བྱས་པ་ནས་བཟུང་ཆུང་ཆུང་ཁྱིམ་ཚང་གི་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社