分享按钮

ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

ཁྲེན་ཅིང་གིས་གསུང་བཤད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་27ཉིན། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ཇུས་གཞི་དང་ལས་འགན་ལས་བགོས་བྱས་པ་བརྡ་ཁྱབ་བཏང་བ་དང་། ཚོགས་ཞུགས་ཚན་པས《ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ཇུས་གཞི》དང་དེ་བཞིན་ལས་འགན་ལས་བགོས་བྱས་པའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཅིང་གིས་ནན་གསུངས་གནང་དོན། ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ཡིན་པའི་ངོས་ནས་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་བྱེད་པའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་འབྲོག་པས་ལྟ་ཉན་འདོད་པ་དང་། དོན་དངོས་དང་མཐུན་ཞིང་སྤྲོ་སྣང་རང་བཞིན་ལྡན་པའི་འགྲན་བསྡུར་གྱི་རྣམ་གྲངས་བཀོད་སྒྲིག་བྱེད་དགོས་པ་དང་། ཚན་པ་ཁག་གིས་འབྲེལ་མཐུད་དམ་ཟབ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞི་གཅིག་ཅན་དང་། ཡུལ་སྐོར། ཉམས་ལེན་བཅས་ཀྱི་བྱེད་སྒོ་ཇུས་འགོད་བྱས་ནས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 ཁྲེན་ཅིང་གིས་གསུང་བཤད་གནང་བ། 6 6 拉萨日报藏文 c181745.html 1 ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་པ། /enpproperty-->