ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་བཞི་པ་དེ་རེད། ཉེ་ཆར། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་གསལ་འགྲེལ་གྱི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་བ་རེད།
ཐེངས་འདིའི་འཆད་ཁྲིད་དེ་ནི《དམངས་དོན་ཁྲིམས་གཞུང》དྲིལ་བསྒྲགས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དབར་ཟུང་འབྲེལ་དམ་ཟབ་བྱས་པ་ཞིག་ཡིན་པ་དང་། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་མི་སྣས《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང《དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་བ་ཞིག་རེད། བྱེད་སྒོའི་ཁྲོད། 《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་གསར་པ་དང་། ཐ་སྙད་གསར་པ། དགོངས་དོན་གསར་པ་བཅས་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས《དམངས་དོན་ཁྲིམས་གཞུང》ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་མི་སྣའི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་བ་དང་། དེ་བཞིན་ཁྲིམས་ལྟར་གཉེར་སྐྱོང་དང་། ཁྲིམས་ལྟར་དོ་དམ། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བཅས་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཕན་ནུས་ཐོན་པར་བྱས་ཡོད།
གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་བཞི་པའི་རྟོག་ཞིབ་པ་ཞེ་ཀོང་ཡིའུ་ཡིས་ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། ཡིག་ཆ་གསལ་འགྲེལ་བྱས་ཏེ། དམངས་གཉེར་ཁེ་ལས་དང་ཁེ་ལས་པའི་གཏམ་རྒྱུད་གླེང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་གཏོད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། སྒྱུར་བཅོས་གཏོང་བ། གསར་གཏོད་བྱེད་པ་བཅས་གསུམ་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་གསར་གཏོད་ཀྱི་འབྱུང་ཁུངས་འཕེལ་བར་བྱེད་པ། དམངས་གཉེར་དཔལ་འབྱོར་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བྱས་པ་དང་། ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་པ། ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་པ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ། རྒྱུ་རྐྱེན་གཙོ་བོར་ཕྱོགས་ཡོངས་ནས་འགན་ལེན་བྱས་པ། ཞབས་ཞུ་ཁག་ཏན་ཏིག་དང་ཞིབ་ཚགས་ཀྱིས་བསྒྲུབས་པ་བཅས་བྱས་པས་དམངས་གཉེར་དཔལ་འབྱོར་གྱི་གྲངས་ཚད་དང་སྤུས་ཚད་གཉིས་ཀ་འཕར་བའི་གྲུབ་འབྲས་བཟང་པོ་ཞིག་ཐོབ་ཡོད།
ཞེ་ཀོང་ཡིའུ་ཡིས་ང་ཚོས་ཚོང་གཉེར་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་གཉེར་ཁེ་ལས་ཀྱི་དོགས་པ་དུས་ཐོག་ཏུ་སེལ་རྒྱུ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་ཐབས་ལམ་མཐའ་འཁྱོངས་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་གནས་ཚུལ་ཤེས་རྟོགས་བྱ་རྒྱུ། དམངས་གཉེར་ཁེ་ལས་ལ་གནས་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་རེ་འདུན་དང་གྲོས་འགོ་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུ། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དམངས་གཉེར་ཁེ་ལས་པར་ཁྲིད་སྟོན་བྱས་ཏེ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཏུ་མ་དངུལ་བཏང་ནས་ལས་གཉེར་ཧུར་ཐག་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་སྒྲུབ་པ་བཅས་བྱེད་དུ་འཇུག་རྒྱུ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社