分享按钮

ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ལ་ཞིབ་འཇུག་གནང་བ།

(པར་ངོས་དང་པོར་མཐུད)ཞབས་ཞུ་བྱེད་སྟངས་གསར་གཏོད་དང་། ཞབས་ཞུའི་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་གང་ལེགས་བརྒྱབ་ནས་དོན་དངོས་ཐོག་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཏན་ཏིག་བྱེད་དགོས།

སྲིད་ཇུས་སྟོབས་ཆེར་གཏོང་དགོས། གནད་དོན་གྱི་ཕྱོགས་སྟོན་དང་དགོས་མཁོའི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་ཁེ་ལས་ཀྱི་རེ་འདུན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་དམིགས་སའི་རང་བཞིན་ཆེ་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པར་ཞིབ་འཇུག་དང་གཏན་འབེབས་བྱས་ནས་ཁེ་ལས་རྒྱ་ཆེར་གཏོང་བའི་ཐད་ཕན་ནུས་ལྡན་པའི་མ་དངུལ་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་མ་གཏོང་བ། ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཇི་ཙམ་བསྒྲུབས་ན་དེ་ཙམ་གྱིས་ཆེ་རུ་འགྲོ་བ་དང་། ཇི་ཙམ་བསྒྲུབས་ན་དེ་ཙམ་གྱིས་ཤུགས་ཆེར་འགྲོ་བ། ཇི་ཙམ་བསྒྲུབས་ན་དེ་ཙམ་གྱིས་ལེཊ་སུ་འགྲོ་བའི་ཐད་འབད་བརྩོན་བྱེད་དགོས།

འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཐད་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་དག་ལྷ་སར་འཕེལ་རྒྱས་འགྲོ་བའི་ཐད་སྲིད་ཇུས་ཡག་ཤོས་དང་། ཁོར་ཡུག་ལེགས་ཤོས། སྟེགས་བུ་བཟང་ཤོས་བཅས་མཁོ་འདོན་བྱེད་དགོས་པ་དང་།ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་པའི་ཁེ་ལས་དང་ས་གནས་ཀྱི་འབྲེལ་བ་མགྱོགས་མྱུར་བཙུགས་ནས་ཁེ་ལས་དང་ས་གནས་ལ་གཉིས་ཁེ་འཕེལ་རྒྱས་ཡོང་བར་བྱེད་དགོས།

ཞབས་ཞུ་ལེགས་སུ་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་རང་འགུལ་ངང་ཁེ་ལས་ཀྱི་སྒོ་རྩར་བསྐྱོད་ནས་ཁེ་ལས་ལ་ཞབས་འདེགས་དང་རོགས་རམ་བྱེད་དགོས་པ་དང་། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ནས་ཁེ་ལས་ཀྱི་རེ་འདུན་ཤེས་རྟོགས་དང་། ཁེ་ལས་ཀྱི་བསམ་འཆར་ལ་ཉན་པ། ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བཅས་བྱས་ཏེ་ཁྱོན་ཡོངས་ནས་ཉེ་ལ་གཙང་བའི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་ཞིག་གཏོད་དགོས། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181733.html 1 ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ལ་ཞིབ་འཇུག་གནང་བ། /enpproperty-->