(པར་ངོས་དང་པོར་མཐུད)ཤེས་རྟོགས་ཐུབ་པས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་བཅས་བྱས་ནས་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་བོད་ལྗོངས་ཡུན་རིང་བདེ་བཀོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ནག་ཆུས་གྲོང་ཁྱེར་སྙན་རོང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚེ་དབང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་བལྟས་རྗེས་གསར་འགོད་པར་ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་བོད་ལྗོངས་འདིར་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག་ལས་ཀའི་འདུ་ཤེས་སྔར་བས་གསར་གཏོད་དང་ལས་ཀའི་གཞི་རྟེན་ལེགས་སུ་བཏང་ནས་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་སྔར་བས་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་དང་། ཁོང་གིས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་73རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་གཏིང་དཔོག་དཀའ་བའི་རིག་གནས་ཀྱི་རྨང་གཞིར་བརྟེན་ནས་མཐོ་སྒང་གི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཁུལ་གྱི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།《ནག་ཆུ་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད(2023ལོ་ནས་2030ལོ་བར)》བཟོས་པ་དང་།《གཟི་འོད་འཕྲོ་བའི་བྱང་ཐང》གི་རིག་རྩལ་བརྩམས་ཆོས་གསར་རྩོམ་མཁོ་སྤྲོད་ལས་གཞི་ལག་བསྟར་བྱས་ནས།《གླིང་རྗེ་གེ་སར་གྱི་ལོ་རྒྱུས་སྙན་ངག》དང《སྙན་ངག་གི་བསྟན་བཅོས》ཞེས་པའི་གར་སྟེགས་འཁྲབ་སྟོན་ཆེ་གྲས་དང་། གླུ་གར《བྱང་ཐང》སོགས་རིག་གནས་ཐོན་ལས་རྣམ་གྲངས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་སོགས་ནག་ཆུའི་སྲོལ་རྒྱུན་གྱི་སྐོར་བྲོའི་སྤེལ་རེས་འགྲེམས་སྟོན་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་། མང་ཚོགས་ཀྱི་རིག་གནས་ནང་ཞུགས་པའི་བདེ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད་ཅེས་བཤད། རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་འགག་རྩ་ནི་དམངས་ཡོངས་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། སྙན་རོང་རྫོང་གིས“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འཐབ་བྱེད”ཅེས་པའི་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གསུམ་པའི་རྫོང་རིམ་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་སྤེལ་བཞིན་ཡོད་པ་དང་། གྲོང་གསེབ་ཁག་གི་ལག་ཤེས་མཁས་པ་དག་གིས་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བཞིན་ཡོད། དེ་དང་ཆབས་ཅིག་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་སྤེལ་ནས་རིག་རྩལ་ལེ་ཚན་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་མངོན་པར་བྱས་ཏེ། མི་དེ་བས་མང་བས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་གང་ལེགས་ཐུབ་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཞུགས་ཐུབ་པར་བྱུང་ཡོད། ཚེ་དབང་གིས“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུ་འབད་འཐབ་བྱེད”ཅེས་པའི་བྱེད་སྒོ་དེ་ནི་ལྟ་འདོད་ལ་ཉན་སྤྲོ་བ་དང་དང་ལེན་བྱེད་སླ་བའི་བྱེད་སྟངས་ཐོག་ནས་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་བྱེད་སྒོའི་ནང་དོན་རྒྱ་སྐྱེད་བཏང་སྟེ། བརྗོད་དོན་གཙོ་བོ་གང་ལེགས་མངོན་པའི་རྨང་གཞིའི་ཐོག ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་ཚང་མས་ཤེས་ཡོན་དང་། འཇོན་ཐང་། ངལ་རྩོལ་བཅས་ལ་བརྟེན་ནས་རང་ངོས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་གར་སྟེགས་ཤིག་བཏོད་ཡོད་ཅེས་བཤད།
ཡོངས་བསྒྲགས་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རིག་གནས་ནི་མི་དམངས་མང་ཚོགས་ཀྱིས་ལོངས་སུ་སྤྱད་བྱ་ཞིག་ཡིན་པས། རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་ཞབས་འདེགས་ཞུ་དགོས་ཞེས་བཏོན་ཡོད། འདིའི་ཐད་བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཀྲུའུ་ཡ་ཁྲེང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་བོད་ལྗོངས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་འདིའི་ཐོག བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་འོད་སྟོང་འཕྲོ་བཞིན་ཡོད། དེས་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་མཚོན་གྱི་ཡོད་ལ། བོད་རིགས་མི་དམངས་ཀྱི་དཔའ་ངར་དང་བློ་གྲོས་ཀྱང་མཚོན་གྱི་ཡོད། སྦེ་ག་དང་། རྟ་རྒྱུག སྐོར་བྲོ་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱིས་ལུས་སྟོབས་ཐད་སྦྱོང་བརྡར་བྱེད་པར་མ་ཟད། བོད་རིགས་མི་དམངས་ཀྱི་ཕུལ་བྱུང་གི་གཤིས་རྒྱུད་དང་བསམ་པའི་གོ་རྟོགས་ཀྱང་རྒྱུན་འཛིན་བྱས་ཡོད། བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གཞོན་ནུ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལུས་རྩལ་སློབ་ཁྲིད་ཁྲོད་ངས་མཚོན་བྱེད་རང་བཞིན་ལྡན་པའི་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་བདམས་ནས་ལུས་རྩལ་སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་ལ། བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་ལོ་རྒྱུས་རིན་ཐང་དང་། རིག་གནས་ཀྱི་དོན་སྙིང་། སྤྱི་ཚོགས་ཀྱི་ནུས་པ་སོགས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ། སློབ་མ་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་པར་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་དང་འབྲེལ་བ་ཡོད་པའི་གཙོ་དོན་བྱེད་སྒོ་ཁག་གཅིག་སྒྲིག་འཛུགས་བྱས་ནས་སློབ་མ་ཚོ་དེའི་ནང་ཞུགས་སྐབས་བོད་ཀྱི་རིག་གནས་ཀྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་དང་། ཁོང་ཚོའི་རིག་གནས་ཀྱི་གདེང་ཚོད་དང་རྒྱུན་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཤིས་པིང་གིས་བོད་ཀྱི་རིག་གནས་ནི་ལོ་ངོ་སྟོང་རིང་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་བུ་ཕྲུག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་ཞིག་དང་། ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཕྱིས་འབྱུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་དར་ཆ་གསལ་སྒྲེང་དང་། དམངས་སེམས་གཅིག་སྡུད་བྱེད་པ། མི་གསར་པ་གསོ་སྐྱོང་བྱེད་པ། རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ལས་འགན་ཏན་ཏིག་ཁུར་ཏེ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་རིག་གནས་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་ནས་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་བོད་ལྗོངས་འདི་ཉིད་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社