分享按钮

སྟག་རྩེ་ཆུས་ཀྱི་གཞི་རིམ་ལས་རོགས་པ་103གྱིས་གཞི་རིམ་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྣན་པ།

(པར་ངོས་དང་པོར་མཐུད)ན་ནིང་གི་ལོ་མཇུག་ཏུ་གཞི་རིམ་སྤྱི་ཚོཊ་བཅོས་སྐྱོང་མི་སྣ་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། སྟག་རྩེ་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཐེམ་ཁོངས་སྟག་རྩེ་ཆུས་ནས་ཡིན་པའི་ལས་ཞུཊ་མ་ཐུབ་པའི་སློབ་ཆེན་སློབ་མའི་ཁྲོད་ནས་གཞི་རིམ་བཅོས་སྐྱོང་ལས་རོཊ་པ་103བསྡུས་ནས་གྲོང་ཚོ་དང་སྡེ་ཁུལ་23ལ་གཞི་རིམ་བཅོས་སྐྱོང་ལས་དོན་སྤེལ་བར་བཏང་ཡོད། ཁོང་ཚོས་གཙོ་བོ་ཁྱིམ་ཚང་གི་ཆ་འཕྲིན་འཚོལ་བསྡུ་དང་། གྲོང་ཚོའི(སྡེ་ཁུལ)གནས་ཚུལ་དང་དམངས་འདོད་འཚོལ་བསྡུ། འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་འཚོལ་ཞིབ་སོགས་ཀྱི་ལས་འགན་འཁུར་བཞིན་ཡོད། གཞན་ཡང་ད་དུང་འདོད་མོས་མང་ཤོས་དང་། གླེང་ཆེ་ཤོས། དོ་ཁུར་བྱེད་ཆེ་བ་བཅས་ཀྱི་གནད་དོན་ལེགས་སྒྲིག་བྱེད་པ་དང་འབྲེལ་གསལ་ཐོ་བཟོས་ནས་དྲ་མིག་རྨང་གཞིར་བྱས་ཏེ་དྲ་མིག་གི་རྩིས་ཐོ་བཟོས་ནས་གྲོང་ཚོ་དང(སྡེ་ཁུལ) དེ་བཞིན་དྲ་མིག་གིས་རིགས་ཁག་གི་ལས་དོན་གྲོས་མོལ་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་དྲ་མིག་ལས་དོན་དྲ་མིག་གིས་སྒྲུབ་ཐུབ་པར་བྱས་ཡོད། སྟག་རྩེ་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རིམ་པ་གསུམ་པའི་ཀྲུའུ་རེན་ཁོའོ་ཡོན་ལི་ཕིང་གིས་མིག་སྔའི་བར་གཞི་རིམ་བཅོས་སྐྱོང་གི་ལས་རོགས་པ་103དང་སྡེ་ཁུལ་གྱི་ལས་དོན་པ་5ཡིས་དམངས་འཚོའི་ཞབས་ཞུའི་བྱེད་སྒོ་ཁག་ཐེངས་110ལྷག་ཙམ་སྤེལ་ནས་དམངས་འཚོའི་དཀའ་གནད་ཁག་20ལྷག་ཙམ་ཐག་གཅོད་བྱས་ཡོད་ཅེས་བཤད།

སྟག་རྩེ་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ད་དུང“ཏ་ཧའོ”བློ་རིག་ཆ་འཕྲིན་སྟེགས་བུ་བསྐྲུན་པ་དང་། སྟེགས་བུ་དེས་གྲངས་གཞིའི་ལག་རྩལ་ལ་བརྟེན་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། སྟེགས་བུ་དེས་གཞི་རིམ་བཅོས་སྐྱོང་གི་དགོས་མཁོར་གཞིགས་ནས“གྲངས་གཞིའི་དགོས་མཁོའི་ཞིབ་མཆན་དང་།ལས་སྟེགས་ཕྱོགས་བསྡུས་མངགས་གཏོང་། འཐབ་ས་དང་པོ་ནས་འཚོལ་བསྡུ་དང་གོང་ཞུ་བྱེད་པའི”གྲངས་གཞིའི་ཐོན་ཁུངས་དཀར་ཆག་བཟོས་ནས་ཚན་པ་ཁག་གི་འགན་འཁྲིའི་ཞིབ་ཐོ་ལས་སྟེགས་སུ་བཅུག་སྟེ“རེའུ་མིག་གཅིག”བརྒྱུད་ནས་སྟག་རྩེ་ཆུས་ཀྱི་མི་དང་། ས་ཆ། དོན་དག དངོས་པོ་སོགས་རྨང་གཞིའི་ཆ་འཕྲིན་ཁྱོན་ཡོངས་ནས་འཚོལ་བསྡུ་དང་ཚང་མ་མཛོད་དུ་བཅུག་པ། རིགས་ཁག་གི་གྲངས་གཞི་ཕྱོགས་སྡོམ་དང་། སྙན་ཞུའི་རེའུ་མིག་གྲུབ་པ། རང་འགུལ་གྱིས་གསལ་ཐོ་སྐུར་བ་སོགས་ཀྱི་བྱེད་ནུས་འཐུས་ཚང་དུ་བཏང་སྟེ་གྲངས་གཞི་དབྱེ་ཞིབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། གསལ་ཐོ་རེ་རེ་བཞིན་ཐག་གཅོད་དང་གདུམ་ཟུམ་འཁོར་སྐྱོད་ཀྱི་ལམ་ལུགས་བཟོས་ཡོད། ལས་རོགས་པས“ཏ་ཧའོ”ཡི་བྱ་རིམ་ཆུང་གྲས་བརྒྱུད་ནས་རིགས་ཁག་གི་ཆ་འཕྲིན་སྟེགས་བུའི་ཐོག་བསྐུར་ནས་ཆ་འཕྲིན་གནས་ཚུལ་དུས་ཐོག་ཏུ་འཚོལ་ཞིབ་ཐུབ་པ་དང་། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་འདུམ་སྒྲིག་བྱེད་པ། ལས་འགན་གྱི་བླང་བྱ་དུས་ཐོག་ཏུ་འདོན་པ་བཅས་བྱས་ཏེ་བྱ་རིམ་ཆུས་གྲས་ལ་བརྟེན་ནས་དམངས་འཚོ་ཆེན་པོར་ཞབས་འདེགས་ཞུ་ཐུབ་པར་བྱས་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181727.html 1 སྟག་རྩེ་ཆུས་ཀྱི་གཞི་རིམ་ལས་རོགས་པ་103གྱིས་གཞི་རིམ་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྣན་པ། /enpproperty-->