ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་ལྗོངས་འོད་ཟེར་ཚོང་དོན་ཚད་ཡོད་ཀུང་སིའི་གཉེར་སྐྱོང་བ་བག་གྲོས་སྟབས་བདེའི་ངང་ཐོ་འགོད་བྱས་ནས་མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་རིམ་པའི“ཁེར་གཉེར་བཟོ་ཚོང་ཁྱིམ་དུད་དེ་ཁེ་ལས་སུ་བསྒྱུར་བའི”ལག་ཁྱེར་ཐོག་མ་བླངས་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་དེ་ཁེ་ལས་སུ་འགྱུར་རྒྱུ་ནི་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་རེད། དེ་སྔའི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་གྱི་ཚབ་རྟགས་དང་བཙུགས་པའི་དུས་ཚོད་ལ་འགྱུར་བ་བྱུང་མེད་པར་མ་ཟད། ཐོ་ཁོངས་ཆ་འཕྲིན་དང་ཆོག་འཐུས་ལག་ཁྱེར་ལའང་འགྱུར་བ་གཏོང་མི་དགོས་པས་དངོས་གནས་སྟབས་བདེ་པོ་འདུག་ཅེས་བཤད།
“ཁེར་གཉེར་བཟོ་ཚོང་ཁྱིམ་དུད་ཁེ་ལས་སུ་བསྒྱུར་བའི”ཐོ་འགོད་ལྷུ་ཚིགས་ནི་དེ་སྔའི“ཁེར་གཉེར་བཟོ་ཚོང་ཁྱིམ་དུད་ཀྱི་ཐོ་ཁོངས་སུབ་པ། ཁེ་ལས་སུ་རིམ་སྤོར་བྱས་པའི”ལྷུ་ཚིགས་གཉིས་ནས“ཐོ་འགོད་བསྒྱུར་བའི”ལྷུ་ཚིགས་གཅིག་ཏུ་ཟླ་སྒྲིལ་བཏང་བ་དང་། དེ་སྔའི་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་ཀྱི་གཅིག་གྱུར་སྤྱི་ཚོགས་ཡིད་རྟོན་གྱི་ཚབ་རྟགས་དང་བཙུགས་པའི་དུས་ཚོད་ནར་འགྱངས་བྱས་ནས་དེ་སྔའི་ཚོང་རྟགས་དང་ལས་རིགས་ཀྱི་ཁྱད་ཆོས་ཚད་མཐོ་ཤོས་ཀྱི་སྒོ་ནས་སོར་འཇོག་བྱས་ཏེ།ཁེར་གཉེར་བཟོ་ཚོང་ཁྱིམ་དུད་ཀྱིས་སྔར་ཡོད་ཀྱི་ཁྲོམ་རའི་ཐོན་ཁུངས་རྒྱུན་མཐུད་ངང་འདོན་སྤེལ་དང་།ཤུགས་སྣོན་རྒྱག་ཐུབ་པ།ཁེ་ལས་ཀྱི་རིག་གནས་དང་སྤུས་རྟགས་རིན་ཐང་སོགས་བརྟན་དུ་བཏང་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་བཅས་ལ་རྨང་གཞི་བཏིང་ཡོད་པ་རེད།
ད་ལོ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྗོངས་ཡོངས་སུ་སྔོན་ལ“ཁེར་གཉེར་བཟོ་ཚོང་ཁྱིམ་དུད་དེ་ཁེ་ལས་སུ་བསྒྱུར་བའི”ཐོ་འགོད་སྒྱུར་བཅོས་ཚོད་ལྟ་བྱས་པ་དང་། མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོད་ལྟའི་ལས་དོན་གྱི་གོམ་སྟབས་དང་བསྟུན་ནས་ལས་དོན་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཡིག་ཆའི་ནང་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་ལས་སྒོའི་གསོ་སྦྱོང་ནང་ཞུགས་པ། ཐོ་འགོད་ཞབས་ཞུ་དང་རྒྱུན་གཏན་དྲིལ་བསྒྲགས་སོགས་ཀྱི་གོ་སྐབས་དང་ཟུང་འབྲེལ་བྱས་ཏེ་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་ཐོ་ཁོངས་ནས་བསུབ་མི་དགོས་པར་ཁེ་ལས་སུ་བསྒྱུར་ཆོག་པའི་གཉེར་སྐྱོང་ཐོ་འགོད་སྒྱུར་བཅོས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཁྱབ་གདལ་བཏང་སྟེ་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་ཁེ་ལས་སུ་བསྒྱུར་རྒྱུར་མུ་མཐུད་རོགས་རམ་བྱས་ནསཁེར་གཉེར་བཟོ་ཚོང་ཁྱིམ་དུད་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
སླད་ཕྱིན།མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲོམ་རའི་བྱེད་པོས་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུར་འགན་ལེན་བྱེད་པ་དང་། ཁྲོམ་རའི་བྱེད་པོ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社