分享按钮

(པར་ངོས་དང་པོར་མཐུད)བོད་ལྗོངས་གླིང་ལྔ་སྨན་ཁང་གི་སྨན་པ་གདན་དྲངས་ནས་ཡུལ་དངོས་སུ་ལས་བཟོ་བའི་གཟུགས་པོར་བརྟག་དཔྱད་བྱས་ཤིང་། རིན་མི་དགོས་པར་ཁྲག་ཤེད་དང་ཁྲག་མངར་ལ་བརྟག་དཔྱད་བྱས་པར་མ་ཟད། རྒྱུན་སྤྱོད་སྨན་རྫས་སྤྲད་པ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་ལུས་གསོའི་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས་པ་རེད། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་ཁྲོད་ནས་ལས་བཟོ་རྣམས་ལས་ཀར་བྲེལ་འཚུབ་ཆེ་བའི་ཞོར་དུ་ལུས་སེམས་ལྷོད་ལྷོད་བྱ་རྒྱུ་བྱུང་བ་དང་བྱེད་སྒོར་ཚང་མས་གདེང་འཇོག་བཟང་པོ་བྱས་པ་རེད།

ཤེས་རྟོཊ་བྱུང་བར་གཞིཊ་ན། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོཊ་སྔ་རྗེས་སུ་གཞི་རིམ་གྱི་ཞིང་འབྲོག་ཁུལ་དང་རྣམ་གྲངས་གལ་ཆེན་གྱི་ལས་ཡུལ་དུ་བསྐྱོད་དེ་ཡུལ་དངོས་སུ་ལས་ལ་བྲེལ་བཞིན་པའི་མང་ཚོཊ་ལ“གཤམ་སྤེལ་ལྔའི”ཞབས་ཞུའི་བྱེད་སྒོ་སྤེལ་ཡོད། དེ་དང་ཆབས་ཅིག་ལས་བཟོ་བའི་ཐོན་སྐྱེད་འཚོ་བའི་དོན་དངོས་ལ་གཞིཊ་ནས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོཊ་ཀྱིས་ད་དུང་རིམ་ཁག་བཟོ་ཚོཊ་སྒྲིག་འཛུཊ་བྱས་ནས“གཞི་རིམ་དུ་ལས་བཟོ་མང་ཚོཊ་ལ་ཞབས་འདེཊ་ཞུ་བའི”བྱེད་སྒོ་སྤེལ་ཏེ་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལས་བཟོ་མང་ཚོཊ་ལ་མུ་མཐུད་ཞབས་འདེཊ་ཞུ་རྒྱུ་ཡིན་པ་རེད། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོཊ་ཁེ་དབང་པུའུ་ཡི་ལས་དོན་མི་སྣ་ཆོས་གྲཊ་ཀྱིས་སླད་ཕྱིན་ང་ཚོས་ཞབས་ཞུ་དེ་མུ་མཐུད་གཞི་རིམ་གྱི་འཐབ་ཕྱོཊ་དང་པོར་བསྒྲུབས་ནས་རྒྱ་ཆེའི་ལས་བཟོ་མང་ཚོཊ་ལ་ཞབས་འདེཊ་ཡག་པོ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181726.html 1 /enpproperty-->