分享按钮

ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ལ་ཞིབ་འཇུག་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད། ཁོང་གིས་ཁེ་ལས་ལ་ཞབས་འདེགས་ཞུ་བ་ནི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་ཞིག་དང་། ཁེ་ལས་ལ་རོགས་རམ་བྱེད་པ་ནི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་ཞིག་ཡིན་པའི་བསམ་བློ་ཆགས་པར་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་སྔར་བས་ལེགས་པའི་ས་རྒྱུ་དང་སྔར་བས་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་ཧུར་ཐག་བྱས་ཏེ་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ནས་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་དགྲ་འདུལ་དང་། ཀྲང་ཁྲུན་དབྱང་། འཕྲིན་ལས་དར་རྒྱས། ལུའུ་ཚུང་ཧྥུ། ཁོང་ཧུའེ། ཕན་ཝུན་ཆིང་། བློ་གསལ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སི། བོད་ལྗོངས་འཕེལ་རྒྱས་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཐད་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་། འགག་གནད་དང་དཀའ་གནད་ལ་དབྱེ་ཞིབ་གནང་ནས་དཀའ་ངལ་སེལ་བའི་བྱེད་ཐབས་ཐད་ཞིབ་འཇུག་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། ཁེ་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། ཁེ་ལས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་ཐུབ་པར་བྱེད་དགོས།

འགན་འཁྲི་ཤུཊ་ཆེར་གཏོང་དགོས། ཁེ་ལས་ཀྱི་དཀའ་ངལ་སེལ་བར་རོཊ་རམ་བྱ་རྒྱུ་དེ་དཔལ་འབྱོར་བརྟན་པོ་དང་། སྔོན་དཔག་བརྟན་པོ། ལས་ཞུཊ་བརྟན་པོ་བཅས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་ས་གནས་ཀྱི་འགན་འཁྲི་དང་། འགོ་ཁྲིད་ཀྱི་འགན་འཁྲི། ལས་རིཊ་ཀྱི་འགན་འཁྲི་བཅས་ལ་དམ་པོར་གཞིགས་ཏེ།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181723.html 1 ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ལ་ཞིབ་འཇུག་གནང་བ། /enpproperty-->