ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་5ཚེས་27ཉིན་ཚོགས་འདུ་འཚོགས་ཏེ།《དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འགའ་ཞིག》ཅེས་པ་དང་།《དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བའི་འགན་འཁྲི་བདའ་འདེད་ཀྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》ཞེས་པར་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་འཐབ་ཇུས་བསམ་བཀོད་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ་དབུས་རྒྱུད་ས་ཁུལ་དེ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་། ནུས་ཁུངས་དང་མ་བཅོས་རྒྱུ་ཆའི་རྟེན་གཞི། དེང་རབས་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་གནས་བཅས་ཡིན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་གཞིགས་པ། གཙོ་གནད་ལས་འགན་ཁག་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་འགག་གཏོར་གལ་ཆེན་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག ཚན་རིག་དང་སློབ་གསོའི་ཐོན་ཁུངས་གཅིག་སྡུད་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གསར་གཏོད་རང་བཞིན་གྱི་ཚན་རྩལ་འགག་གཏོར་ལ་ཤུགས་སྣོན་རྒྱག་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་པ། དངོས་ཚན་དཔལ་འབྱོར་ཆེ་རུ་དང་སྟོབས་ཆེར་གཏོང་བ། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ཇུས་འགོད་བཀོད་སྒྲིག་བཅས་བྱེད་དགོས། ས་ཁོངས་ཀྱི་བཟང་ཆ་འདོན་སྤེལ་དང་། དེང་རབས་ཅན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་ནུས་ཆེ་དང་རང་མོས།སྟབས་བདེ་བཅས་ཀྱི་སྒོ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཞུགས་པ་དང་དེར་ཞབས་ཞུ་དེ་བས་ལེགས་པར་སྒྲུབ་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྦགས་མེད་ཐཱན་ཉུང་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་དབུས་རྒྱུད་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ནས་ཤར་གྲོང་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་དང་ནུས་རྒྱུའི་ཐོན་ཁུངས་འགན་སྲུང་བྱེད་ནུས་ཆེ་རུ་ཤུགས་ཆེན་བཏང་ནས་སྤུས་མཐོའི་གོང་འཕེལ་དང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社