བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། མིག་སྔའི་གཙོ་གནད་ནི་རིག་དངོས་ཀྱི་ཡོངས་ཁྱབ་ཞིབ་བཤེར་དང་མངོན་མེད་རིག་གནས་ཤུལ་བཞག་གི་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཁྱིམ་ཚང་གི་གནས་ཚུལ་གསལ་པོ་ཤེས་པར་བྱས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་ཕུལ་བྱུང་དེ་བས་མང་བ་གསར་གཏོད་རང་བཞིན་ངང་གཞན་སྒྱུར་དང་གསར་གཏོད་རང་བཞིན་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞེས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གི་གསུངས་འདིས་ང་ལ་སེམས་འགུལ་ཚད་མེད་ཐེབས་པར་མ་ཟད། སླད་ཕྱིན་གྱི་ལས་ཀའི་ཁ་ཕྱོགས་ཀྱང་དེ་བས་ཁ་གསལ་དུ་བཏང་ཡོད། འགྲིག་ཤང་གི་ཏང་འཛུགས་སྐྱོང་གི་ཆེད་ལས་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཕྱིས་འབྱུང་ང་ཚོས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། འགྲིག་ཤང་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་གྱིས་གསར་གཏོད་དང་རྒྱུན་འཛིན་ཟུང་འབྲེལ་བྱས་ནས་འགྲིག་གི་མཚོན་རྟགས་དེ་བས་མང་བ་བཏོད་དེ། “འགྲིག་གི་ནོར་བུ་ལྔ”བརྗིད་ཉམས་ལྡན་པའི་ཧི་མ་ལ་ཡར་དཀྲོལ་ཐུབ་པ་དང་། བོད་སྨན་གྱིས་ནད་པ་དེ་བས་མང་བ་ལ་རོགས་རམ་བྱེད་ཐུབ་པ། སྲོལ་རྒྱུན་ལྷ་མོའི་ཟློས་གར་དེ་བས་ཆེ་བའི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐུབ་པ། སྲོལ་རྒྱུན་གྱི་རིག་གནས་ཀྱི་གཟི་འོད་གངས་ལྗོངས་ས་མཐོར་འཕྲོ་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲཊ་ཚོཊ་འདུའི་བོད་ལྗོངས་ཀྱི་ཆེད་དོན་ཚོགས་འདུའི་ཐོག་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་མཁན་གཞིས་ཀ་རྩེ་གྲོང་ཁྱེར་འགྲིག་ཤང་གི་ཏང་འཛུགས་སྐྱོང་གི་ཆེད་ལས་ལས་བྱེད་པ་ཞེ་ཡོན་རེན་གྱིས་འབྱུང་འགྱུར་གྱི་ལས་དོན་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
ཉེ་ཆར། ཏང་སྲིད་ལས་ཁུངས་དང་། ཁེ་ལས། བྱ་བཞག་ཚན་པ། སྡེ་ཁུལ། གྲོང་གསེབ་སོགས་གང་ཡིན་རུང་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ལྗོངས་ཀྱི་ཆེད་དོན་ཚོཊ་འདུར་ཚད་མཐོའི་དོ་ཁུར་བྱེད་བཞིན་ཡོད།“དུས་རབས་གསར་པའི་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོའི་ངོ་སྤྲོད་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་།བོད་ལ་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་ངོ་73རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད། ཚང་མས་ཡོངས་བསྒྲགས་ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བོད་ལྗོངས་ལ་དེ་བས་ལེགས་པའི་ངོས་འཛིན་དང་།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社