ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་ནགས་རྩྭ་ཅུས་དང་མཉམ་འབྲེལ་བྱས་ཏེ་ལྷོ་རིའི་སྤྱི་གླིང་དུ་དྲོ་སྐྱིད་དང་། རིག་གནས། བཅའ་ཁྲིམས། སྲིད་ཇུས། སྨན་བཅོས་བཅས་དང་འབྲེལ་བའི“གཤམ་སྤེལ་ལྔའི”ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་ཡུལ་དངོས་སུ་ལས་ལ་བརྩོན་བཞིན་ཡོད་པའི་ཞིང་པ་ལས་མིར་འཚམས་འདྲི་བྱས་པ་རེད།
ཉིན་དེའི་སྔ་དྲོ། ལྷོ་རིའི་སྤྱི་གླིང་དུ་གླུ་གར་གྱི་འཁྲབ་སྟོན་ལ་བརྟེན་ནས་སྔར་བས་འཁྲུག་ཆ་དོད་པོར་གྱུར་ཡོད། གླུ་གཞས་དང་། མི་མང་བའི་ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་ཡུལ་དངོས་སུ་ལས་ལ་བརྩོན་བཞིན་ཡོད་པའི་ཞིང་པ་ལས་མི་100ལྷག་ཙམ་ལ་རིག་རྩལ་གྱི་འཁྲབ་སྟོན་གཟབ་རྒྱས་ཤིག་བྱས་པ་རེད། འཁྲབ་སྟོན་བྱེད་རིང་། ད་དུང་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སོགས་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་ཡང་ཡོད་པས་ཚང་མ་བྱེད་སྒོ་དེའི་ནང་ཧུར་ཐག་ཞུགས་ཏེ་གར་སྟེགས་ཀྱི་ཐོག་དང་གར་སྟེགས་ཀྱི་འོག་གི་མི་རྣམས་ཀྱིས་ཕན་ཚུན་སྤེལ་རེས་བྱས་ནས་སྤྲོ་སེམས་འཁོལ་ཞིང་འཁྲུག་ཆ་དོད་པོར་གྱུར་ཡོད། བྱེད་སྒོའི་ཁྲོད་ད་དུང་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社