分享按钮

ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཀྲུང་ཧྭའི་བླ་སྲོག་སྲ་བརྟན་དུ་བཏང་ནས་རྒྱང་ལམ་གསར་པར་བསྐྱོད་ཅེས་པ་གཙོ་དོན་བྱས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལྷ་སར་འཚོགས་པ་དང་།ལྗོངས་ཡོངས་ནས་ཡོང་བའི་ཕུལ་བྱུང་འགྲན་ཞུགས་པ་104རིམ་པ་ཁག་གི་གྲ་སྒྲིག་འགྲན་བསྡུར་ནང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཡོད།

འགྲན་བསྡུར་ནང་འགྲན་ཞུགས་པ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་དེ་དམ་པོར་དམིགས་ཏེ།ཏང་གི་མི་རིགས་སྲིད་ཇུས་དང་ཉེ་འགྲམ་དུ་ཐོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་དེ་གཏམ་བཤད་འགྲན་བསྡུར་གྱི་ནང་དོན་ཁྲོད་བཞག་སྟེ།གསོན་ཉམས་དོད་པའི་སྐད་ཆ་དང་བརྩེ་བས་ཕྱུག་པའི་སྒོ་ནས་མྱོང་ཚོར་གླེང་པར་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད། འགྲན་བསྡུར་ནང་ད་དུང་མི་རིགས་མཐུན་སྒྲིལ་སྐོར་གྱི་དྲི་བར་ལན་འདེབས་པའི་ལེ་ཚན་ཞིག་ཀྱང་བར་བཅུག་བྱས་ཡོད་པས།ལྟད་མོ་བ་ཚོ་ལེ་ཚན་དེའི་ནང་ཧུར་ཐག་ཞུགས་པ་དང་།ཡུལ་དངོས་སུ་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཡོད།

འགྲན་བསྡུར་ནང་ཞུགས་མཁན་སྐལ་བཟང་བཀྲ་ཤིས་ཀྱིས་ང་ནི་ལྷ་སའི་གཞོན་ནུའི་བྱ་གཞག་གསར་གཏོད་པ་ཞིག་ཡིན། ངས་ད་ལྟ་སྒྲུབ་པའི་ལས་ཀ་ནི་རིག་གནས་དང་ཞིང་ལས་ཚན་རྩལ་ཐད་ཡིན། ད་ཐེངས་ཀྱི་གཏམ་བཤད་ཀྱི་ཁ་བྱང་ནི《སེ་འབྲུ་མེ་ཏོག་བཞད་སའི་ས་ཆ》ཞེས་པ་དེ་ཡིན།

འགྲན་བསྡུར་ཆེན་མོའི་འགན་འཁུར་བ་ཕུར་སྒྲོན་གྱིས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་འགྲན་བསྡུར་ཆེན་མོ་དེ་གོ་སྐབས་སུ་བྱས་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མུ་མཐུད་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སེམས་མཐུན་གླིང་ཡག་པོ་ཞིག་གཏོད་རྒྱུ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-28 6 6 拉萨日报藏文 c182026.html 1 ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གཉེར་བ། /enpproperty-->