(པར་ངོས་དང་པོར་མཐུད)ལས་དོན་ཁག་ལེགས་འགྲུབ་བྱས་ནས། ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་འགན་འཁྲི་སྔར་ལས་ཆེ་བ་དང་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་གང་ཐུབ་བྱེད་དགོས།
ཧོ་ཕུང་གིས་བླང་བྱ་བཏོན་དོན། བློ་སེམས་གཅིག་ཏུ་བསྒྲིལ་ནས་བླ་སྲོག་གཏོད་པ་དང་། རིགས་གཞུང་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་དེ་རྒྱལ་ཡོངས་དང་།ལྗོངས་ཡོངས། གྲོང་ཁྱེར་ཡོངས་བཅས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་ཟུང་འབྲེལ་དང་། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཀྲི་པུའི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པ་སོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་། ཁོང་དུ་ཆུད་པ། འགྱུར་ལྡོག་གཏོང་བ་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པར་སྔར་བས་ཁྲིད་སྟོན་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས། ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གིས་དོ་དམ་བྱེད་པའི་འདུ་ཤེས་འཛིན་སྟངས་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱས་ནས། དུས་ནམ་ཡང་ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་མངོན་གསལ་དོད་པོས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དུ་གཏོང་བ། ནུས་ཤུགས་བཟང་པོ་སྤྱད་ནས་དུས་རབས་གསར་པ་དང་ལྷ་ས་གསར་པའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཕྱིགས་གཅིག་ཏུ་བསྡུས་ཏེ། ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་ཕྱི་ནང་གི་དྲིལ་བསྒྲགས་ལས་དོན་དང་གཡུལ་ས་འཛུགས་སྐྲུན་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་ལམ་ལུགས་དང་། ཀྲུང་དབྱང་དང་།ལྗོངས། གྲོང་ཁྱེར་ཏང་ཨུད་བཅས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དང་། རང་གྲོང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ། མི་དམངས་འཐུས་ཚོགས་ཀྱི་སྐད་སྒྲ་ཁྱབ་སྤེལ་བ་བཅས་བྱས་ནས་གཙོ་རྒྱུན་བསམ་བློ་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社