(པར་ངོས་དང་པོར་མཐུད)གྲོང་མིའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་མིར་ཡང་དག་པའི་གློག་གསོག་གོམས་གཤིས་འཇགས་སུ་བཅུག་པ་བཅས་བྱ་ཆེད།སྡེ་ཁུལ་གྱི་ལས་དོན་མི་སྣས་ཉིན་ལྟར་ཞོགས་དགོང་ཐེངས་གཉིས་ལ་ཁུལ་ཆུང་དུ་སྐོར་གཡེང་བྱེད་པ་དང་། ཁུལ་ཆུང་ནང་གི་གློག་སྒུལ་སྦག་སྦག་ཐོག་ཁར་ཁྲིད་ནས་གློག་གསོག་པ་དང་།གློག་སྐུད་ཟང་ཟིང་དུ་འཁྲིད་ནས་གློག་གསོག་པ།བདེ་འཇགས་འགྲོ་ལམ་བཀག་པ་སོགས་ཀྱི་སྣང་ཚུལ་ལ་དམིགས་ཏེ་ཁ་ཏ་སློབ་གསོ་བརྒྱབ་པ་དང་།གློག་སྒུལ་སྦག་སྦག་ཐོག་ཁར་ཁྲིད་ན་གནོད་འཚེ་ཡོད་པ་དང་གློག་གསོག་ཀ་བ་སྤྱད་ཚེ་བདེ་འཇགས་དང་སྟབས་བདེ་ཡིན་པའི་ཐད་འགྲེལ་བཤད་བརྒྱབ་པར་མ་ཟད།ད་དུང་ལོ་ན་ཅུང་བགྲེས་པའི་གྲོང་མིར་གློག་གསོག་ཀ་བ་སྤྱོད་སྟངས་ཀྱང་བསླབས་ཡོད།
གློག་གསོག་ཀ་བ་སྤྱད་དེ་གློག་སྒུལ་སྦག་སྦག་ལ་གློག་གསོག་སྐབས་གྲོང་མིས་ཨང་རྟགས་བཤེར་པ་ཙམ་གྱིས་གློག་གསོག་ཀ་བ་སྤྱོད་ཐུབ་པས་སྟབས་བདེ་ཞིང་མགྱོགས་པོ་ཡོད། གློག་གསོག་ཀ་བའི་ནང་དུ་ཉིང་ལྷེབ་དང་གློག་གསོག་སྲུང་སྐྱོབ་སྒྲིག་ཆས་ཡོད་པས། གལ་ཏེ་མེ་སྐྱོན་ཐོན་པ་དང་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ཚེ། དུས་ཐོག་ཏུ་རང་འགུལ་གྱིས་གློག་ཤི་ནས་མེ་སྐྱོན་མི་ཤོར་བར་བྱེད་ཐུབ། སྤྱི་པའི་གློག་གསོག་ཀ་བ་བཙུགས་པ་ལས་ཁུལ་ཆུང་གི་མི་དང་འཁོར་རིགས་ལོགས་སུ་དབྱེ་ནས་འཁོར་རིགས་ལ་གཅིག་སྡུད་ཐོག་གློག་གསོག་ཐུབ་པར་མ་ཟད།གློག་སྒུལ་སྦག་སྦག་ལ་གློག་གསོག་དཀའ་བའི་གནད་དོན་ཡང་ཐག་གཅོད་བྱས་ཡོད་པས་ཁུལ་ཆུང་གི་ཁོར་ཡུག་མཛེས་སུ་བཏང་ནས་གྲོང་མིའི་བདེ་སྣང་ཆེ་རུ་ཕྱིན་ཡོད་པ་རེད།ཁུལ་ཆུང་གི་ཁྱིམ་དུད་ཚེ་རིང་བསམ་གྲུབ་ཀྱིས་ང་ཚོའི་ཁུལ་ཆུང་དུ་ད་ཆ་གློག་སྒུལ་སྦག་སྦག་འཇོག་ས་དང་གློག་གསོག་ཀ་བ་བཙུགས་ཡོད་པས་ཚད་ངེས་ཅན་ཞིག་གི་ཐོག་ནས་ང་ཚོའི་གློག་སྒུལ་སྦག་སྦག་སྤྱོད་པའི་བདེ་འཇགས་ལ་འགན་ལེན་ཐུབ་ཡོད་ཅེས་བཤད་པ་རེད།
བྱ་བ་ཆུང་ངུར་བརྟེན་ནས་དམངས་འཚོ་ཆེན་པོར་ལེགས་བཅོས་བྱས་པ། གློག་སྒུལ་སྦག་སྦག་ལ་གློག་གསོག་རྒྱུ་ནི་ཕར་བལྟས་ན་བྱ་བ་ཆུང་ཆུང་ཞིག་ཡིན་མོད།འོན་ཀྱང་འདི་ནི་དམངས་འཚོའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ཕྱིས་འབྱུང་ཉི་དྲོད་གླིང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མིས་དོ་ཁུར་བྱེད་པའི་དོན་ཆུང་ལ་མུ་མཐུད་དོ་ཁུར་བྱས་ནས་གྲོང་མིའི་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社