སྤྱི་ཟླ་ལྔ་པའི་ལྷ་སར་རླུང་བུ་བསིལ་ཞིང་འཇམ་ལ་གནམ་གཤིས་ལེགས། ཟླ་5ཚེས་22ནས་ཚེས་24ཉིན་བར། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་གྲོང་ཁྱེར་སྲིད་གཞུང་གི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། དུས་ཡུན་ཉིན་གསུམ་གྱི་ཚོགས་འདུ་མཇུག་འགྲིལ་རྗེས། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལ་རིག་རྩལ་ལས་རིགས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད།
ཟླ་5ཚེས་22ཉིན། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་པ་རེད། ཚོགས་འདུའི་ཐོག ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་འདས་ཟིན་པའི་ལོ་ལྔའི་རིང་གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་མཉམ་འབྲེལ་རྩ་འཛུགས་དང་རྒྱ་ཆེའི་རིག་རྩལ་ལས་དོན་པས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་སེམས་རྩ་འཁོལ་པོ་དང་སེམས་ནང་དུ་དྲང་བདེན་ཆེན་པོ་ཡོད་དགོས་པ་དང་། སྔར་རྒྱུན་ལྟར་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སེམས་སུ་མི་དམངས་ཡོད་དགོས་པ། ཞུམ་མེད་མདུན་སྐྱོད་ཀྱི་བློ་སྟོབས་ཆེན་པོ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཕྲག་ཏུ་ཁུར་དགོས། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་བསླབ་བྱས་རིག་རྩལ་ལས་རིགས་ཀྱི་འཐུས་མི་ཚོར་སྐུལ་མ་ཆེན་པོ་ཐེབས་ཡོད།
ལྷ་ས་གྲོང་ཁྱེར་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་ལྷ་མོས་ད་ཐེངས་ཀྱི་ཚོགས་ཆེན་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལའང་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རོལ་མོ་བའི་མཐུན་ཚོགས་ཀྱི་ཁོངས་མི་ཞིག་དང་རིག་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་བཤད།
ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧྥུ་ཆང་གིས་ད་ཐེངས་ཀྱི་ཚོགས་ཆེན་དེ་རིག་རྩལ་ལྷན་ཚོགས་བཙུགས་ནས་ལོ་30འཁོར་བའི་སྐབས་སུ་འཚོགས་པ་དང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་བཤད།
ཚོགས་འདུ་གྲོལ་རྗེས། ཚོགས་འདུར་ཞུགས་མཁན་གྱི་འཐུས་མི་ཚོས་འགོ་ཚུགས་མཛད་སྒོའི་ཐོག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་དམ་པོར་དམིགས་ནས། རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་ཤིང་། ཚང་མས་གང་བསམ་ལྷུག་བརྗོད་དང་རང་ཉིད་ཀྱི་བསམ་ཚུལ་བརྗེ་རེས་བྱས་ཏེ། རིག་རྩལ་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་ལེན་མཐར་ཕྱིན་བཅས་བྱ་རྒྱུའི་ཐད་བསམ་ཚུལ་སྤེལ་རེས་བྱས་པར་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་རོལ་མོ་བའི་མཐུན་ཚོགས་ཀྱི་ཚོགས་མི་དབྱང་ཤན་གྱིས་སླད་ཕྱིན་གྱི་རིག་རྩལ་གསར་རྩོམ་ཁྲོད། ང་ཚོས་རང་ཉིད་ཀྱི་ཆེད་ལས་དེ་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་རིག་གནས་ནང་འདྲེས་པར་བྱས་ནས་ལྷ་སའི་རིག་གནས་དར་སྤེལ་གང་ལེགས་གཏོང་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་དབང་སྒྲོལ་མས་སྒྱུ་རྩལ་ནི་འཚོ་བའི་ཁྲོད་ནས་བྱུང་བ་ཞིག་ཡིན་མོད། འོན་ཀྱང་འཚོ་བ་ལས་མཐོ་བ་ཡོད། སླད་ཕྱིན་གྱི་གསར་རྩོམ་བརྒྱུད་རིམ་ཁྲོད། ང་ཚོ་གཞི་རིམ་དུ་མང་ཙམ་བསྐྱོད་པ་དང་། གཞི་རིམ་གྱི་རིག་གནས་ནང་དོན་ལ་རྒྱུས་ལོན་བྱེད་པ། དེ་ནས་དེང་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བཅས་བྱས་ནས་ནུས་པ་ཆེན་པོ་ལྡན་པའི་ཞབས་བྲོའི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ལི་ཡུས་ཕིང་གིས་ང་ནི་རྩོམ་རིག་གསར་རྩོམ་པ་ཞིག་ཡིན་པའི་ངོས་ནས། ང་ལ་གསར་རྩོམ་གྱི་ཁ་ཕྱོགས་དང་ཡིད་ཆེས་དེ་བས་ལེགས་པ་བྱུང་། ངས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལྟར་སེམས་ལ་དྲང་བདེན་ཡོད་པ་དང་། སེམས་ལ་མི་དམངས་ཡོད་པ། ཕྲག་ཏུ་འགན་འཁྲི་ཡོད་པ་བཅས་བྱས་ཏེ། ང་ཚོའི་གངས་ལྗོངས་ས་མཐོའི་མི་དམངས་ལ་སྟོབས་ཤུགས་ལྡན་པའི་བརྩམས་ཆོས་ཡག་པོ་དེ་བས་མང་བ་བརྩམ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
སྒྲོལ་མ་ལྷ་མོས་ཕྱིས་འབྱུང་ང་ཚོས་མུ་མཐུད་རོལ་མོ་བའི་མཐུན་ཚོགས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། ལྷ་སའི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་བཅས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་། ལྷ་ས་གྲོང་ཁྱེར་གྱི་རིག་རྩལ་བྱ་གཞག་དར་རྒྱས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社