ཐིག་དམར་ཀུའི་ནེ་ཡ་ནི་ཧྥེ་གླིང་གི་དབུས་ནུབ་རྒྱུད་དུ་ཆགས་ཤིང་། ནུབ་ཕྱོགས་ནི་ནུབ་རྒྱ་མཚོ་ཆེན་པོ་དང་འབྲེལ་ཡོད། ཐིག་དམར་ཀུའི་ནེ་ཡ་ནི་སྐམ་ས་ཆེ་མོ་དང་པི་ཨའོ་ཁོ་སོགས་གླིང་ཕྲན་ལས་གྲུབ་ཅིང་། རྒྱལ་ས་མ་ལ་པོ་ནི་པི་ཨའོ་ཁོ་གླིང་ཕྲན་གྱི་བྱང་རྒྱུད་དུ་གནས་ཡོད། མ་ལ་པོ་གྲོང་ཁྱེར་དུ་སྔོ་ཐིང་ཐིང་གི་ནགས་ཚལ་སོགས་ལྟ་ན་སྡུག་པའི་ཡུལ་ལྗོངས་མང་པོ་ཡོད་ཅིང་། དེ་ནི་ཐིག་དམར་ཀུའི་ནེ་ཡའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་ཤིག་ཡིན་པ་དང་། མཁའ་འགྲུལ་དང་མཚོ་འགྲུལ་གྱི་གྲུ་ཁ་གལ་ཆེན་ཞིག་ཀྱང་ཡིན། པར་འདི་ནི་ཟླ་5ཚེས་22ཉིན་ཐིག་དམར་ཀུའི་ནེ་ཡའི་རྒྱལ་ས་མ་ལ་པོ་ནས་པར་དུ་བླངས་པའི་ཐིག་དམར་ཀུའི་ནེ་ཡའི་སྲིད་འཛིན་ལས་ཤག་གི་རྣམ་པ་ཡིན།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社