分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་ནས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བ།

(པར་ངོས་དང་པོར་མཐུད)མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། རྣམ་གྲངས་དེས་འབྲོག་མ་གྲོང་ཚོའི་གྲོང་མི་ལྷོ་བྱང་རི་བོའི་སྔོ་ལྗང་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་། ངལ་ལས་རྩ་འཛུགས་བཙུགས་ནས་རེས་འཁོར་ལམ་ལུགས་ལྟར་མི་རེར་ཉིན་རེར་གླ་ཕོགས་སྒོར་250དང་། ཞིང་སྤྱོད་སྐྱེལ་འདྲེན་རླངས་འཁོར་ལ་ཉིན་རེར་གླ་ཕོགས་སྒོར་400སྤྲད་ནས་ཉིན་རེར་དགོས་མཁོ་ཡོད་པའི་མི་དང་རླངས་འཁོར་མངགས་གཏོང་བྱེད་ཀྱི་ཡོད། གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུག་སྦྲེལ་ཁུལ་དང་པོའི་ཡུལ་དངོས་ཀྱི་འགན་འཁུར་བས་ངས་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། ཁྱོན་འབྲོག་མ་གྲོང་ཚོའི་མང་ཚོགས་ཀྱི་ལས་གཉེར་མི་ཐེངས་14000ལ་སྐུལ་ཁྲིད་དང་། ས་གནས་དེ་གའི་ཞིང་སྤྱོད་སྐྱེལ་འདྲེན་རླངས་འཁོར་དང་འཕྲུལ་ཆས་21000ལྷག་ཙམ་བེད་སྤྱོད་བྱས་ཡོད་ལ། རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་ལ་ལས་གཉེར་ཡོང་འབབ་སྒོར་ཁྲི་650བྱུང་ཡོད། མིག་སྔར།འབྲོག་མ་གྲོང་ཚོའི་ཉིན་རེའི་ལས་མི་སྤྱོད་ཚད་150ཟིན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་གྱི་གྲུབ་འབྲས་སྲ་བརྟན་ནུས་ལྡན་ཡོང་ཆེད། ནགས་བཟོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། རང་གྲོང་གིས་ལྷོ་བྱང་རི་བོའི་སྔོ་འགྱུར་གྱི་ཕྱུགས་བཀག་ནགས་གསོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཕྱུགས་བཀག་ནགས་གསོའི་ལས་དོན་དེ་གྲོང་ཚོའི་སྒྲིག་སྲོལ་གྱི་དམངས་ཆིངས་སུ་བཞག་ནས་ཐུན་མོང་གི་ངོས་འཛིན་ཆགས་པ་དང་ཐུན་མོང་ཐོག་བརྩི་སྲུང་བྱས་ཡོད། དུས་མཚུངས་སུ་གྲོང་ཚོ་དེས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིར་བརྟེན་ནས་འབྲོག་མ་གྲོང་ཚོའི་མུའུ་10135ཡི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་ཕྱུགས་བཀག་ནགས་གསོའི་ཁུལ་དུ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི(གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུག་སྦྲེལ་ཁུང་དང་པོ་དང་། གཉིས་པ། གསུམ་པ་བཅས)རྣམ་གྲངས་ལག་བསྟར་བྱས་པ་དང་། 2023ལོར། རིམ་རྩིས་བྱས་ན་འབྲོག་མ་གྲོང་ཚོའི་མང་ཚོགས་ལ་ལས་གཉེར་ཡོང་འབབ་སྒོར་ཁྲི་980ལྷག་ཙམ་སྐུལ་ཁྲིད་བྱས་ནས་མང་ཚོགས་ལ་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་གསར་པ་བཏོད་ཡོད། ཁོར་ཡུག་མཛེས་སུ་ཕྱིན་པ་དང་དུས་མཚུངས་སུ་ས་གནས་དེ་གའི་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་ནས་འབབ་འཕར་དང་ལྗང་མདོག་གཉིས་ཀ་མངོན་འགྱུར་བྱུང་ཡོད་པ་དང་། ལྗང་མདོག་གི་འབྱུང་ཁམས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་གིས་2023ལོ་ནས་བཟུང་། འབྲོག་མ་གྲོང་ཚོས་ལྷ་སའི་ལྷོ་བྱང་རི་བོའི་སྟོད་ལུང་བདེ་ཆེན་ཁུལ་གྱི་ནགས་བཟོའི་ལས་གཞི་དངོས་སུ་ལག་བསྟར་བྱས་པ་དང་། མང་ཚོགས་ལ་ལས་ཞུགས་འབབ་འཕར་སྒོར་ཁྲི་980ལྷག་ཙམ་བྱུང་ཞིང་།ལས་མི་སྤྱོད་ཚད་མི་ཐེངས་32000ཙམ་ཟིན་ཡོད། དུས་མཚུངས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་་ཐབས་ཇུས་བཀོད་སྒྲིག་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་དང་། 《ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོའི་སྔོ་འགྱུར་དོ་དམ་སྲོལ་ཡིག》དང་ཕྱུགས་བཀག་ནགས་གསོའི་སྲིད་ཇུས་དང་བྱ་ཐབས་ཁྱབ་གདལ་གཏིང་ཟབ་བཏང་སྟེ།དམངས་ཡོངས་ལ་སྐུལ་སློང་བྱེད་པ་དང་དམངས་ཡོངས་ཞུགས་པའི་ཚོགས་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཐོག ལྗང་མདོག་ལ་བརྟེན་ནས་མཛེས་ལྡན་གྱི་ཁྱིམ་གཞིས་བཏོད་ཡོད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 6 6 拉萨日报藏文 c181578.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་ནས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བ། /enpproperty-->