(པར་ངོས་དང་པོར་མཐུད)ཕྱིས་འབྱུང་གི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་བོད་ལྗོངས་ཐེན་ཧའེ་ཚོགས་པས་རང་འགུལ་ངང་འགན་འཁྲི་འཁུར་ཞིང་། འབྲེལ་ཡོད་ཆེད་དོན་ཚན་པ་ཁག་དང་། ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་།དེ་བཞིན་ཁོངས་གཏོགས་སྡེ་ཁུལ་བཅས་དང་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་བཙུགས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆཊ་པར་བྱས་ཏེ།རླངས་འཁོར་འཇོག་དཀའ་བ་དང་། རླངས་འཁོར་འཇོག་སྟངས་ཚད་ལྡན་མིན་པ། ཚོང་པས་ལམ་ཧམ་བཟུང་གིས་ཚོང་གཉེར་བྱེད་པ་སོགས་ཀྱི་གནད་དོན་གང་མགྱོཊ་སེལ་དགོས་པ་དང་།གྲོས་འགོ་འདོན་པ་དང་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཐུན་མོང་ཐོག་ཐེན་ཧའེ་ཚོང་ཁུལ་མཐའ་འཁོར་གྱི་གྲོང་ཁྱེར་དོ་དམ་སྒྲིག་བཀོད་དང་། འགྲོ་ལམ་འགྲིམ་འགྲུལ། ཁོར་ཡུག་འཕྲོད་བསྟེན། ཐོན་སྐྱེད་བདེ་འཇགས། སྔོ་འགྱུར་དོ་དམ་སྲུང་སྐྱོང་། ཁྲོམ་རའི་སྒྲིག་ལམ་བཅས་བཅོས་སྐྱོང་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་རྒྱུན་དུ་དམ་འཛིན་ལྷོད་མེད་བྱས་ནས་གྲོང་ཁྱེར་ཁོར་ཡུག་གི་དཔེ་སྟོན་ཁྲོམ་གཞུང་གཏོད་དགོས། བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚན་པ་ཁག་གིས་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གྲོང་ཁྱེར་དོ་དམ་གྱི་གནད་དོན་ལ་སྔར་བས་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གསེད་བཀྲོལ་དང་། རྩིས་ཐོ་བཟོ་བ། རིགས་དབྱེའི་ཐག་གཅོད། གོམ་སྟབས་དབྱེ་ནས་ལག་བསྟར་བཅས་བྱེད་དགོས། ནང་ནས་ཕྱི་བར་དང་ཕྱིའི་རྣམ་པ་ནས་ནང་གི་དོན་ངོ་མའི་བར་དག་ཐེར་ལེགས་པར་བྱས་ཏེ་ཧུར་བརྩོན་ཆེན་པོས་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཁྱབ་ཁོངས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།
ཀྲའོ་ཧུའེ་ཉན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་བསམ་བློ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། འགན་འཁྲི་སྔར་བས་དམ་དུ་བཏང་ནས་རང་འགན་གཙང་སྒྲུབ་བྱེད་དགོས། བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚན་པ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཐབས་ཇུས་འདོན་པ་དང་། ཐབས་ཤེས་སློབ་པ། འགན་འཁྲི་གསལ་པོ་བཟོ་བ་བཅས་བྱས་ཏེ་ཁོངས་གཏོགས་ས་ཁུལ་དང་ཁེ་ལས་ཀྱིས་རང་སོ་སོའི་འགན་འཁྲིའི་ས་ཁོངས་ལ་དོ་དམ་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས་པ་དང་། དམར་འདོན་བྱེད་ཤུགས་སྔར་ལས་ལྷག་པར་བྱས་ཏེ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་གསར་འགྱུར་ཚོགས་ཆུང་གིས་རྗེས་འདེད་དམར་འདོན་མུ་མཐུད་ཡག་པོ་བྱེད་པ་དང་། སྨྱན་སྦྱོར་བརྒྱུད་སྐུལ་འདེད་དག་ཐེར་ཡག་པོ་བྱེད་པ། གསར་འགྱུར་གྱི་ལྟ་ཕྱོགས་སྣུར་སྲིང་བཅས་བྱས་ཏེ་དམིགས་ཡུལ་ལ་དམིགས་དགོས་ལ་རྣམ་པ་ལའང་དམིགས་ནས་གཙོ་རྒྱུན་སྨྱན་སྦྱོར་གྱི“དམར་འདོན་སྟེགས་བུའི”ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་དང་སྤྱོད་ཚུལ་ནན་པོ་ཡོང་བར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་ཚོགས་ཆུང་དང་གྲོང་ཨུད་སྤྱོད་ཚུལ་གཞུང་དོན་ཁང་གིས་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་བྱ་སྤྱོད་ཁྲོད་ཡང་ཡང་ཐོན་པའི་གནད་དོན་བསྐྱར་ལོག་དང་། ཁྲལ་སེལ་སླ་བཅོས། དག་ཐེར་རྫུན་མ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་མཁན་བཅས་ཀྱི་སྡེ་ཚན་ནམ་ཡང་ན་མི་སྒེར་ལ་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས་པའི་ནན་གསུངས་གནང་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社