分享按钮

ཟླ་དང་པོ་ནས་ད་བར་རང་གྲོང་གིས་སྒྲིག་འགལ་ངང་བེད་སྤྱོད་བྱས་པའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྒོར་ཁྲི་200ལྷག་ཙམ་ཚུར་བླངས་པ།

(པར་ངོས་དང་པོར་མཐུད)གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཐེབས་རྩ་ལྟ་སྐུལ་ཁོའོ་ཡི་འགན་འཁུར་བ་བསྟན་འཛིན་རྣམ་གྲོལ་གྱིས་ད་ལོའི་ལོ་སྟོད་དུ་ང་ཚོས་འབྲེལ་ཡོད་ཁུངས་སྣེ་གཞིར་བཟུང་།སྨན་བཅོས་ཁང་གཉིས་དང་སྨན་ཚོང་ཁང་གཅིག་ལ་ཞིབ་བཤེར་བྱས་ཏེ།འཛད་སྤྱོད་པར་བསླུ་ཁྲིད་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཐག་གཅོད་བྱས་པ་ཡིན།སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་བེད་སྤྱོད་བྱས་པའི་མ་དངུལ་སྒོར་ཁྲི་200.23ཚུར་བླངས་པ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་གྲོང་གི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་2024ལོའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་དང་མཉམ་འབྲེལ་བྱས་ཏེ།གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་སྨན་རྫས་རྒྱུ་ཆ། གཙོ་གནད་བྱ་སྤྱོད་བཅས་ལ་དམིགས་ནས་གྲངས་གཞི་ཆེན་མོའི་ལྟ་སྐུལ་དོ་དམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་།ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་རྩད་གཅོད་མཐའ་གཅིག་ཏུ་བྱས་པར་མ་ཟད།སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བརྟན་བརླིང་དང་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་།སྐྱིད་སྣང་།ཐོབ་སྣང་བཅས་སྔར་བས་ཆེ་རུ་བཏང་བ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 6 6 拉萨日报藏文 c181576.html 1 ཟླ་དང་པོ་ནས་ད་བར་རང་གྲོང་གིས་སྒྲིག་འགལ་ངང་བེད་སྤྱོད་བྱས་པའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྒོར་ཁྲི་200ལྷག་ཙམ་ཚུར་བླངས་པ། /enpproperty-->